ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་མཉམ་དུ་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་གྲོས་བསྡུར་བྱས་མེད་པའི་ཚུལ་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་གྲོས་བསྡུར་བྱས་མེད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱེད་མི་སྲིད། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་དུ་བཀག་སྡོམ་བྱེད་ཐབས་ལ་གཏོར་བརླག་རང་བཞིན་དང་ཁྲིམས་འགལ་རང་བཞིན་ལྡན་པ་དང་། ཐོག་མར་ཤུགས་རྐྱེན་ཐེབས་ས་ནི་བཀག་སྡོམ་བྱེད་ཐབས་དེ་འདོན་མཁན་དག་ཡིན་པ་ནན་བཤད་བྱས་ཡོད་ཟེར། ཁོས་མོས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ལ། དེ་མིན་ཚེ་བཀག་སྡོམ་བྱེད་ཐབས་དེ་ཁྲིམས་མཐུན་མིན་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། འབྲེལ་ཡོད་ཀྱི་གནད་དོན་དེ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་མཁན་དེ་དག་ལ་འདྲི་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号