ཧན་གོའི་ས་གནས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཧན་གོའི་ཅིན་ཅི་ལམ་གྱི་པའོ་ཁྲོན་གྲོང་ཁྱེར་སྲིད་གཞུང་གིས་ཚེས6ཉིན་ཕྱོགས་ཡོངས་ནས་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། དེའི་རྒྱུ་རྐྱེན་ནི་ཧན་གོའི་མཁའ་དམག་གིས་ཉིན་དེའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཁྲོད་ནོར་འཛོལ་བྱུང་ནས་ས་ཁུལ་གྱི་སྡོད་དམངས་ཁུལ་ལ་འགས་གཏོར་བཏང་བས་རེད།

པའོ་ཁྲོན་གྲོང་ཁྱེར་གྱི་ཧྲི་ཀྲང་པེ་ཡུང་ཞོན་གྱིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། ཀྲུང་དབྱང་སྲིད་གཞུང་གིས་དོན་དངོས་ཀྱི་ཐབས་ཇུས་གཏན་འབེབས་མ་བྱས་གོང་ཕྱོགས་ཡོངས་ནས་དམག་དོན་སྦྱོང་བརྡར་མཚམས་བཞག་སྟེ། རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

ཧན་གོའི་མཁའ་དམག་གི་སྤྱི་སྒྲོག་ལས་བཤད་རྒྱུར། ནོར་འཛོལ་འགས་གཏོར་དོན་རྐྱེན་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། མཁའ་དམག་གི KF-16འཐབ་འཛིང་གནམ་གྲུ་གཉིས་མཁའ་སྐམ་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ལ་ཞུགས་སྐབས་རྒྱུན་ལྡན་མིན་པའི་སྒོ་ནས་སོ་སོར་འགད་རྫས་བཞི་རེ་གཏོང་འཕནེ་བྱས་པ་དང་། འགད་རྫས་བརྒྱད་པ་སོ་སོར་དམིགས་འབེན་གྱི་གཏོང་འཕེན་ར་བའི་ཕྱི་རོལ་དུ་ལྷུང་ནས་འགས་གཏོར་བྱུང་བ་རེད། ནོར་འཛོལ་གྱི་འགས་གཏོར་དེའི་རྒྱུ་མཚན་ནི་འཕུར་སྐྱོད་པའི་གཏགས་པའི་དམིགས་འབེན་ལ་ནོར་འཆུག་བྱུང་བས་རེད་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འགས་གཏོར་ཐེབས་པའི་སྡོད་དམངས་ས་ཁུལ་དེ་གཏོང་འཕེན་ར་བ་དང་སྤྱི་ལེ་བརྒྱད་ཡོད་པའི་མཚམས་སུ་གནས་ཟེར། མེ་གསོད་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ནོར་འཛོལ་འགས་གཏོར་དེ་ལས་མི་བཅུ་ལྷག་ལ་རྨས་ཕོག་པ་དང་། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་ལ། སྡོད་གནས་དང་ཆོས་ཁང་སོགས་ཁང་བ་བརྒྱད་ལ་གཏོར་བརླག་ཐེབས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号