ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་གཟའ་འཁོར་རྗེས་མར་སོ་ཏི་ཨ་རབ་ནས་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་པའི་ཚུལ་བསྟན།
ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་ཚེས6ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་དཔོན་རིགས་ཀྱིས་གཟའ་འཁོར་རྗེས་མར་གྲོས་མོལ་བྱེད་པའི་བཀོད་སྒྲིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། གྲོས་མོལ་ལས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མཐུན་གྱི་སྒྲོམ་གཞི་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཝེ་ཐི་ཁི་ཧྥུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་སྒོ་ཁ་ནས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་བྱེད་སའི་ས་གནས་དེ་སོ་ཏི་ཨ་རབ་ལ་གཏན་འཁེལ་བྱས་ཡོད་ཀྱང་། གྲོང་ཁྱེར་ཡིན་གཏན་འཁེལ་བྱས་མེད། རྒྱལ་ས་ལེ་ཡཱ་ཏི་དང་མཚོ་དམར་འགྲམ་བརྒྱུད་ཀྱི་གྲོང་ཁྱེར་ཆེན་མོ་གཉིས་པ་ཅི་ཏཱའི་གང་རུང་ཡིན་སྲིད་ཟེར།
ཝེ་ཐི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ནས་ཨུ་རུ་སིའི་ཕྱོགས་ལ་རྣམ་འགྱུར་བཟང་བོ་སྟོན་ཐུབ་པར་རེ་བཞིན་ཡོད། རྒྱུ་མཚན་ནི་ཨུ་རུ་སིའི་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བདེ་མངོན་འགྱུར་བྱེད་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀྱང་རང་འགུལ་གྱི་རྣམ་འགྱུར་བཟང་བོ་མངོན་ཡོད་པས་ཡིན་ཟེར།
ཨ་མེ་རི་ཁས་གནས་སྐབས་སུ་ཝུའུ་ཁི་ལན་བར་གསང་འཕྲིན་མཉམ་སྤྱོད་བྱེད་མཚམས་འཇོག་པའི་གནས་ཚུལ་འདྲི་སྐབས། ཝི་ཐི་ཁི་ཧྥུའུ་ཡིས་མཉམ་སྤྱོད་བྱེད་མཚམས་བཞག་པའི་གསང་འཕྲིན་གྱི་ནང་དོན་དང་ཡོང་ཁུངས་སོགས་བྱེ་བྲག་གི་ནང་དོན་གསལ་བོར་གླེང་མེད་པ་དང་། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་དང་ཡོད་ཚད་རྒྱུན་ལྡན་གྱི་རྣམ་པ་སླར་གསོ་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注