ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་འདོད་ཡོད་པའི་བསམ་ཚུལ་ལ་ཁས་ལེན་བྱས།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས5ཉིན་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་གྲོས་མོལ་ལ་བརྟེན་ནས་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་འདོད་ཡོད་པའི་ཚུལ་བསྟན་པར་ཁས་ལེན་བྱས་ཡོད།
ཕའེ་སི་ཁི་ཧྥུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་བཤད་པའི་ཙེ་ལིན་སི་ཅི་ཡི་འཕྲིན་ཡིག་འབྱོར་བའི་གནད་དོན་ཐད་ནས་དཔྱད་བརྗོད་སྤེལ། ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཙེ་ལིན་སི་ཅི་ལ་བསྟན་དོན། གྲོས་མོལ་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་རྣམ་འགྱུར་བཟང་བོ་འཛིན་འདོད་ཡོད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། མིག་སྔའི་བར་དུ་ཝུའུ་ཁི་ལན་གྱི་བཀའ་རྒྱ་ལས་རང་གི་ཙུང་ཐུང་གིས་ཨུ་རུ་སིའི་ཕྱོགས་ལ་གྲོས་མོལ་བྱེད་པར་གཏན་འགོག་བྱེད་དགོས་ཟེར།
ཐི་ལིང་ཕུའུ་ཡིས་ཚེས་བཞི་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཉིན་དེའི་ཞོགས་པར་ཙེ་ལིན་སི་ཅི་ཡིས་ཁོར་འཕྲིན་ཡིག་བསྐུར་བ་འབྱོར་ཡོད་པ་དང་། ཙེ་ལིན་སི་ཅི་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་སྔ་མོར་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
གཞན་ཡང་ཨུ་རུ་སི་དཀར་པོའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་དེའི་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ་བཅས་ཀྱི་གྲོས་མོལ་ལ་རྩ་འཛུགས་བྱེད་འདོད་ཡོད་ཟེར།
ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཙེ་ལིན་སི་ཅི་བཅས་མེན་སི་ཁི་རུ་ཡོང་ནས་བག་ཕེབས་ངང་རྩོད་པ་མེད་པའི་སྒོ་ནས་གྲོས་མོལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། མིག་སྔར་ཆེས་གལ་ཆེ་བ་ནི་ཝུའུ་ཁི་ལན་འཁྲུག་རྩོད་ཀྱི་འགན་ཁུར་བ་འཚོལ་བ་མ་ཡིན་པར་འཁྲུག་རྩོད་མཚམས་འཇོག་རྒྱུ་དེ་ཡིན་པས། ཕྱོགས་སོ་སོས་དེའི་དོན་དུ་ངེས་པར་དུ་འབད་པ་ཆེར་བསྐྱེད་བྱེད་དགོས་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཚེས5ཉིན་བསྟན་དོན། ཨུ་རུ་སིར་མཚོན་ན། མེན་སི་ཁི་ནི་ཆེས་བཟང་བའི་གྲོས་མོལ་བྱེད་ས་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注