རོ་མཱ་ནི་ཡཱ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་གཉིས་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

རོ་མཱ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས5ཉིན་རོ་མཱ་ནི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་གཉིས་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

རོ་མཱ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། རོ་མཱ་ནི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་དྲག་དཔོན་ཞིག་དང་དྲག་དཔོན་གཞོན་པ་ཞིག་ཝེ་ཡེ་ནཱའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཆིངས་ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཡོད་པས། ཁོ་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར། རོ་མཱ་ནི་ཡཱ་ཕྱོགས་ཀྱིས་ཉིན་དེར་ཨུ་རུ་སིའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཁི་ཕུའུ་ནེ་ནཱ་བོས་ཏེ། ཁོ་ལ་འབྲེལ་ཡོད་ཀྱི་ཆོད་དོན་སྙན་ཞུ་བྱས་པ་རེད།

ཁི་ཕུའུ་ནེ་ནཱ་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་རོ་མཱ་ནི་ཡཱའི་བྱ་སྤྱོད་དེས་ལུགས་མེད་ཡིན་པར་མ་ཟད་མཛའ་མཐུན་མིན་། ཨུ་རུ་སིའི་ཕྱོགས་ཀྱིས་འཁོན་ལན་སློག་པའི་ཁེ་དབང་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་རོ་མཱ་ནི་ཡཱ་ཡིས་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号