ཅེ་ཁིའི་སྲིད་གཞུང་གིས་རྒྱལ་སྲུང་འགྲོ་སོང་གི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ་རེད།
ཅེ་ཁིའི་སྲིད་གཞུང་གིས་ཚེས5ཉིན་ཆོད་དོན་སྤེལ་ཏེ། 2030ལོར་ཅེ་ཁི་ཡིས་རྒྱལ་སྲུང་འགྲོ་སོང་ཀྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་གསུམ་ལ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།
ཅེ་ཁིའི་སྲིད་གཞུང་གིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་བསྡུས། ཅེ་ཁིའི་རྒྱལ་སྲུང་པུའུ་ཀྲང་ཆེ་ཨར་ནོའུ་ཧའོ་ཝ་ཡིས་གྲོས་ཚོགས་གྲོལ་རྗེས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། སྲིད་གཞུང་གིས2026ལོའི་རྒྱལ་སྲུང་འགྲོ་སོང་གིས་རྒྱལ་ནང་གི་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཉིས་མཐོར་འདེགས་གཏོང་བར་ཆོག་མཆན་བཀོད་པར་མ་ཟད། ཕྱིན་ཆད་ལོ་རེར་རིམ་བཞིན་བརྒྱ་ཆའི་གྲངས་གནས་ཐིག་དང་གྲངས་ཆུང་གཉིས་ཇེ་མཐོར་གཏོང་རྒྱུ་ཡིན་ལ། 2030ལོའི་བར་བརྒྱ་ཆའི་གསུམ་ལ་བསླེབ་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཆོག་མཆན་བཀོད་ཟེར། ཁོ་མོས་བཤད་རྒྱུར། ང་ཚོས་ངེས་པར་དུ་རང་སྟེང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས། ང་ཚོས་རྒྱལ་སྲུང་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་སྟེ། འགན་ཁུར་བ་དང་ཕན་ནུས་མཐོ་བ། ལུགས་མཐུན་ཡོང་བ་བྱེད་དགོས་ཟེར།
ཅེ་ཁིའི་ཙུང་ལི་ཧྥེ་ཡཱ་ལཱ་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་བསྟན་དོན། སྲིད་གཞུང་གིས་རྒྱལ་སྲུང་འགྲོ་སོང་གི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ་ཐག་བཅད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་ལ་མཚོན་ན་གལ་འགངས་ཆེ་བར་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚན་རིག་གསར་སྤེལ་ལའང་གོ་སྐབས་བསྐྲུན་ངེས་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注