ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་སྒོ་གཅལ་དང་ཧྥུན་ཐེ་ནེ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཚེས5ཉིན་ཁ་པར་གྲོས་མོལ་བྱས་ཏེ། སྒོ་གཅལ་དང་ཧྥུན་ཐེ་ནེ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཐི་ལུའུ་ཏའོ་ཡིས་ཁོར་ཁ་པར་བཏང་སྟེ། བྱེད་ཐབས་གང་འདྲ་ཞིག་སྤྱད་དེ་སྒོ་གཅལ་གནད་དོན་ཐག་གཅོད་བྱས་ཆོག་པ་བློ་འདྲི་བྱས། ཁོས་ཐི་ལུའུ་ཏའོ་ལ་བསྟན་དོན། མི་མང་བོ་ཞིག་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་ནས་ཨ་མེ་རི་ཁར་ཐོན་པའི་ཧྥུན་ཐེ་ནེ་ཡིས་ཚེ་སྲོག་འཕྲོག་པ་དང་། དེ་མིན་ཚད་སྣང་ཚུལ་དེ་རིགས་མཚམས་འཇོག་པའི་བདེན་དཔང་ཅི་ཡང་མེད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཐི་ལུའུ་ཏའོ་ཡིས་བལྟས་ན་གནས་ཚུལ་དེ་ཇེ་བཟང་ལ་འགྲོ་བཞིན་ཡོད་པར་འདོད་ཡོད་ཀྱང་། ཁོས་བལྟས་ན་དེ་འདྲ་བཟང་རྒྱུ་མེད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཐི་ལུའུ་ཏའོ་དང་ཁ་པར་གྲོས་མོལ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་མཛའ་མཐུན་གྱི་རྣམ་པས་མཇུག་སྒྲིལ་ཡོད་ཟེར།

ཁཱ་ནཱ་ཏཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁས་ཚེས4ཉིན་ཕན་ཚུན་ལ་སྒོ་གཅལ་ཁ་སྣོན་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་ཡིན་ལ། ཁ་པར་གྲོས་མོལ་དེ་སྐར་མ་ལྔ་བཅུ་ཙམ་འགོར་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号