ཁོ་ཐི་ཏིས་ཝོར་དང་ཀ་ནཱའི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས།

ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་ཚེས5ཉིན་དཔལ་འབྱོར་གྱི་རྒྱལ་ས་ཨ་པུས་རང་ནས་འཚམས་འདྲིར་ཡོང་བའི་ཀ་ནཱའི་ཙུང་ཐུང་མཱ་ཧཱ་མཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། མཱ་ཧཱ་མཱ་ཡི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་ཞིང་ཕུལ་དུ་བྱུང་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ཡིན་ཟེར། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་དང་བདེ་འཇགས། དཔལ་འབྱོར། གཏེར་ལས། ནུས་ཁུངས། དེ་མིན་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་མཉམ་ལས་ལས་གཞི་གཙོ་བོ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གྲོས་གཞིར་གྲོས་བསྡུར་བྱས་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཤུགས་ཆེན་པོས་རྒྱལ་ཁབ་གཉིས་ཀྱིས2017ལོར་བཀོད་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་དང་རྒྱལ་སྲུང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་ནམ་ཟླའི་འགྱུར་ལྡོག་དང་འཇིགས་སྐུལ་རིང་ལུགས། མཚོ་ཇག ས་ཁོངས་ཀྱི་ཁྲིམས་འགལ་ལྐོག་འཚོང་སྐྱེལ་འདྲེན་སོགས་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས།

མཱ་ཧཱ་མཱ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཀ་ནཱ་དང་ཁོ་ཐི་ཏིས་ཝོར་རྒྱལ་ཁབ་གཉིས་ཀྱིས་བསྟུད་མར་རོགས་ལས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་སྦྲེལ་ཐག་ལ་ཤུགས་སྣོན་བྱས་ཏེ་རང་རང་གི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་ཞུགས་ཚད་མཐོར་འདེགས་གཏོང་དགོས་ཟེར།

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་སྟེ་མཱ་ལི་དང་པུའུ་ཁི་ནཱ་ཧྥ་སོ། ནེ་ཀྲིར་བཅས་ལ་རོགས་སྐྱོར་བྱས་ཏེ། རྒྱལ་ཁབ་དེ་གསུམ་གྱི་མི་ཆོས་རིང་ལུགས་དང་བདེ་འཇགས་ཀྱི་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号