ཐུར་ཁེ་ཡིས་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་མི་སྣ10བཀག་ཉར་བྱས།
ཚེས11ཉིན། ཐུར་ཁེའི་དབྱི་སི་ཐན་པུར་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་མི་སྣ10བཀག་ཉར་བྱས་པའི་ནང་ས་གནས་ཀྱི་དཔོན་རིགས་ཁ་ཤས་ཚུད་ཡོད་པ་རེད།
ཚེས11ཉིན། དབྱི་སི་ཐན་པུར་ཞིབ་དཔྱོད་དཔོན་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར། ཐེངས་འདིའི་བྱ་སྤྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་དབྱི་སི་ཐན་པུར་གྱི་ས་ཁུལ་ཁ་ཤས་སུ་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་གྱོད་གཞིར་བརྟག་དཔྱད་བྱ་རྒྱུ་དེ་ཡིན་པ་དང་། བཀག་ཉར་བྱས་པའི་མི་སྣའི་ཁྲོད་ཆུའུ་ཀྲང་གཞོན་པ་ཁ་ཤས་ཀྱང་ཚུད་ཡོད་ཟེར།
ཐུར་ཁེའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། བཀག་ཉར་བྱས་པའི་མི10ནི་ཁུའུ་ཨར་ཏི་བཟོ་པའི་ཏང་གི་འཆར་གཞི་ཞིག་དང་འབྲེལ་བ་ཡོད་པའི་དོགས་པ་ཡོད་པ་རེད། ཐུར་ཁེའི་སྲིད་གཞུང་གིས་ཁུའུ་ཨར་ཏི་བཟོ་པའི་ཏང་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注