ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་གྱི་གནད་འགག་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས11ཉིན་གསལ་བསྒྲགས་སྤེལ་ནས།  ཨུ་རུ་སུའི་དྲག་ཆས་ནུས་པས་ཉིན་དེའི་ཞོགས་པར་སྐམ་སའི་རྟེན་གཞི་དང་མཚོ་ཐོག་གི་རྟེན་གཞི།  མཁའ་དམག་གི་རྟེན་གཞི་ལ་བརྟེན་ནས་ཞིབ་ཚད་མཐོ་བའི་རྒྱང་འཕེན་མཚོན་ཆ་དང་མི་མེད་རྒོལ་རྡུང་གནམ་གྲུས་ཝུའུ་ཁི་ལན་གྱི་ཕྱོགས་བསྡུས་དམག་དོན་བཟོ་ལས་ཀྱི་ནུས་ཁུངས་འགན་སྲུང་སྒྲིག་ཆས་དང་།  ཝུའུ་ཁི་ལན་གྱི་དམག་དོན་གནམ་གྲུ་ཐང་།  མི་མེད་གནམ་གྲུ་ཉར་གསོག་དང་སྒྲིག་སྦྱོར་བྱེད་གནས་སུ་རྡུང་རྡེག་བཏང་།  ཝུའུ་ཁུ་ལན་གྱི་མཁའ་དམག་གིས་ཉིན་དེའི་སྔ་དྲོར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཡིག་ཆ་སྤེལ་ཏེ།  ཝུའུ་ཁི་ལན་མཁའ་སྲུང་མེ་ཤུགས་ཀྱིས་མི་མེད་གནམ་གྲུ57བཀག་འགོག་བྱས་ཡོད་ཟེར།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར།  འདས་བའི་ཉིན་གཅིག་གི་རིང་།  ཨུ་རུ་སུའི་དམག་གིས་ཧ་ཨར་ཁོ་ཧྥུ་ཁུལ་དང་།  ཏུན་ཉེ་ཚི་ཁུ་དང་ལུའུ་ཀན་སི་ཁེ་སོགས་ས་ཁུལ་གྱི་གཡུལ་ས་སྲ་བརྟན་དུ་བཏང་བ་དང་།  ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་དུང་ཏུན་ཉེ་ཚི་ཁུ་ས་ཁུལ་གྱི་ཡ་ཞེ་ནོ་བོ་ཡེ་སྡོད་དམངས་གནས་ཁུལ་ཚོད་འཛིན་བྱས་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་བཤད་རྒྱུར།  ཉིན་དེའི་ཞོགས་པར།  ཨུ་རུ་སུའི་དམག་གིས་ལོ་སུ་ཐོ་ཧྥུ་མངའ་སྡེ་དང་འོ་ལོར་ཁུ་མངའ་སྡེ།  པུ་ལིང་སི་ཁུ་མངའ་སྡེ  ཁུར་སི་ཁེ་མངའ་སྡེ་དང་ཁུ་ལ་སི་ནོ་ཏར་མཐའ་འཚམས་ཁུལ་གྱིས་ཝུའུ་ཁུ་ལན་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུ124བཏང་བ་དང་།   ཚེས11ཉིན་གྱི་སྔ་དྲོའི་དུས་ཚོད10བའི་བར།  ཝུའུ་ཁུ་ལན་མཁའ་སྲུང་མེ་ཤུགས་ཀྱིས་མི་མེད་གནམ་གྲུ57བཀག་པ་དང་།  པོ་ཨར་ཐཱ་བ་མངའ་སྡེ་དང་།  ཆེ་ཨར་ཉུས་ཀུ་ཧྥོའུ་མངའ་སྡེ།  ཧ་ཨར་ཁོ་ཧྥུ་མངའ་སྡེ། ཆེ་ཨར་ཁ་སི་ཁུལ་བཅས་ལ་མཁའ་དབྱིངས་འཇབ་རྒོལ་ཐེབས་ཟེར།

ཝུའུ་ཁུ་ལན་རྡོ་སྣུམ་རང་བྱུང་སོལ་རླངས་ཀུང་ཟིས་ཉིན་དེའི་སྔ་དྲོར་གཞུང་ཕྱོགས་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ།  ཨུ་རུ་སུའི་དམག་གིས་གཞི་རྒྱ་ཆེ་བའི་མཁའ་རྒོལ་གྱིས་ཀུང་ཟི་དེའི་པོ་ཨར་ཐཱ་བ་ཁུལ་ཀྱི་རང་བྱུང་སོལ་རླངས་ཐོན་སྐྱེད་སྒྲིག་ཆས་ལ་གནོད་སྐྱོན་ཐེབས་པ་དང་།  མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་ཟེར།  ཀུང་ཟི་དེས་དགོས་ངེས་ཀྱི་བྱེད་ཐབས་ལ་བརྟེན་ནས་མངའ་སྡེ་དེའི་རང་བྱུང་སོལ་རླངས་བརྟན་འཇགས་ངང་མཁོ་སྤྲོད་བྱས་ཡོད་ཟེར།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་སྔ་དྲོར་གསལ་བསྒྲགས་སྤེལ་ཏེ།  འདས་ཟིན་པའི་ཞག་མ་གཅིག་གི་རིང་།  ཨུ་རུ་སུའི་མཁའ་སྲུང་དམག་གིས་ས་ལ་ཐོ་ཧྥུ་མངའ་སྡེ་དང་།  ལོ་སུ་ཐོ་ཧྥུ་མངའ་སྡེ། པོ་ལང་སི་ཁུ་མངའ་སྡེ།    ཧྥར་ཅ་ཀེ་ལེ་མངའ་སྡེ། པེ་ཨར་ཀི་ལོ་ཏི་མངའ་སྡེ་སོགས་ཀྱི་ས་ཁུལ་ནས་རིམ་རྩིས་བྱས་ན་མི་མེད་གནམ་གྲུ40སར་འཕངས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号