ཨེ་ཅིབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཚེས10ཉིན་གྱི་དགོང་མོ་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འདུན་པར་མཉམ་དུ་རྒྱབ་སྐྱོར་བྱེད་པར་སྐུལ་མ་བཏང་ནས། ཕ་ལེ་སི་ཐན་པས་མུ་མཐུད་དུ་མྱང་བཞིན་པའི་དྲང་གཞག་མིན་པའི་ཐོབ་ཐང་ངེས་པར་དུ་མཇུག་བསྒྲིལ་ཏེ། ཕ་ལེ་སི་ཐན་གྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་ཞེས་ནན་བཤད་བྱས།

གསལ་བསྒྲགས་ལས་བཤད་རྒྱུར། ས་ཁུལ་གྱི་བརྟན་འཇགས་འགན་སྲུང་བྱེད་པའི་ཐབས་ལམ་ཉག་ཅིག་ནི། ཁྱད་པར་མེད་པའི་སྒོ་ནས་ས་ཁུལ་གྱི་མི་དམངས་ཡོངས་ཀྱི་ཁེ་དབང་ཁས་ལེན་བྱ་རྒྱུ་དེ་ཡིན་པ་དང་།  དེའི་ནང་ལོ་རྒྱུས་རང་བཞིན་གྱི་དྲང་གཞག་མིན་པའི་ཕ་ལེ་སི་ཐན་པའི་ཁེ་དབང་ཐད་འཕྲད་པའི་དབང་ཆ་ཚུད་ཡོད་ཅེས་འཁོད་ཡོད།  ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་གྱི་ཐག་གཅོད་དབང་ཆ་དང་གཞིས་ཆགས་དབང་ཆ། རང་བཙན་དབང་ཆ་སོགས་ཀྱི་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པར་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། ད་དུང་ཨེ་ཅིབ་ཀྱིས་ཁྱིམ་གཞིས་དང་ཁ་མི་བྲལ་ཀ་མེད་བྱུང་བའི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་རྣམས་ཁྱིམ་གཞིས་སུ་ཕྱིར་ལོག་པའི་དབང་ཆ་ཡོད་པ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་རྩ་དོན་དང་མཐུན།  ཨེ་ཅིབ་ཀྱིས་ས་ཁུལ་དེའི་ཉམས་ཉེན་ཐག་གཅོད་བྱེད་སྐབས་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་ལ་སྣང་ཆུང་བྱས་ཚེ། ལོ་བཅུ་ཕྲག་ཁ་ཤས་རིང་སྲུང་སྐྱོང་དང་འཛུགས་སྐྲུན། ཞི་བདེ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱས་པར་གཏོར་བཤིག་བཏང་པ་རེད་ཅེས་ནན་གྱིས་བསྟན།

ཚེས4ཉིན་ཨ་རི་ཕྱོགས་ཀྱིས་ཨ་རིས་ཅ་ཧྲ་ས་ཁུལ“རྩིས་ལེན་བདག་སྤྲོད”བྱེད་པ་དང་འབྲེལ“ཡུན་རིང་དབང་བའི”རེ་བ་བྱེད་ཀྱི་ཡོད་མོད།འོན་ཀྱང་མིག་སྔར་ཅ་ཧྲ་ས་ཁུལ་དུ་སྡོད་པའི་ཕ་ལེ་སི་ཐན་པ་རྒྱལ་ཁབ་གཞན་དུ་གནས་སྤོས་ནས་བཀོད་སྒྲིག་བྱེད་དགོས་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号