སྤྲུ་ནག་ཉེར་དགུ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།
སྤྲུ་ནག་ཉེར་དགུ།
སྤྲུ་ནག་སྲང་དོ། སྨན་ཆེན་སྲང་གང་། འཛིན་པ་སྲང་གང་། བདུད་རྩི་ལོ་མ་སྲང་གང་། གར་ནག་ཞོ་ལྔ། ཕུར་ཁཎ་ཞོ་ལྔ། ནིམ་པ་ཞོ་ལྔ། སུམ་ཏིག་ཞོ་ལྔ། ཙན་དན་ཞོ་ལྔ། གི་ཝང་ཞོ་ལྔ། ཅུ་གང་ཞོ་ལྔ། གུར་གུམ་ཞོ་ལྔ། ག་དུར་ཞོ་ལྔ། དེ་བ་ཞོ་ལྔ། བྲག་ཁཎ་ཞོ་གསུམ། པར་པ་ཏ་ཞོ་ལྔ། བོང་དཀར་ཞོ་ལྔ། གུལ་ནག་ཞོ་ལྔ། སྟག་ཤ་ཞོ་ལྔ། ཨར་ནག་ཞོ་ལྔ། ཤ་ཆེན་ཞོ་དོ། ཤུ་དག་ཞོ་དོ། མུ་ཟི་སེར་པོ་ཞོ་དོ། ཚེར་སྔོན་ཞོ་ལྔ། མིང་ཅན་ནག་པོ་ཞོ་ལྔ། ལི་ཤི་ཞོ་ལྔ། གསེར་མེ་ཞོ་ལྔ། གཟེར་འཇོམས་ཞོ་ལྔ། སྤང་རྩི་ཞོ་ལྔ། མིང་ཅན་སེར་པོ་ཞོ་ལྔ། རེ་ལྕག་མེ་ཏོག་ཞོ་ལྔ། གཉན་རྭ་རྩི་ཧྲོག་ཞོ་ལྔ། གླ་རྩི་ཞོ་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
སྤྲུ་ནག་ཉེར་དགུ་བཟི་དང་བསིལ་གཉིས་ལྡན། རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན། བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང་། མཁྲིས་པ་རྩར་རྒྱུག་གཟེར་ཐུང་སུམ་སྒྲིལ་སོགས། གཉན་རིམས་གཉན་རིགས་པར་པ་ཏ་ཞེས་པ། བཅོས་པར་དཀའ་ལ་མྱུར་བར་སྲོག་དོར་བའི། གཉན་ཚད་རླུང་གསུམ་འཐབ་པའི་ནད་ཀྱི་རིགས། མི་བྱེར་སྡུད་གསོད་མ་ལུས་བྱེད་པའི་མཆོག སྨན་སྦྱོར་ལོག་པའི་ཉེས་པ་མི་འབྱུང་བས། དེ་ཕྱིར་ནད་བརྒྱ་སྨན་གཅིག་བཟུང་ཡང་རུང་། འོན་ཀྱང་རྒན་བྱིས་ཟུངས་ཟད་འདིར་མ་གཏོགས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注