མདའ་བཞི་རྫོང་གིས་ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་དང་བསྟུན་ནས་ཚན་རིག་ཁྱབ་གདལ་གྱི་ལས་དོན་དེ་གྲོང་གསེབ་ཏུ་སྤེལ་བ།

2025ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་སྟེ། 《གྲོང་གསེབ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་སྤེལ་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། རྒྱལ་ཡོངས་གོང་འོག་བར་གསམ་དུ་ཚན་རྩལ་གྲོང་གསེབ་ཏུ་བསྐྱོད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། ཡིག་ཆའི་ཁྲོད་བཅོས་བསྒྱུར་སྒོ་འབྱེད་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་པ་བསྟན་ཡོད། 

ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་རབ་དང་རིམ་པ་བརྒྱུད་ནས་མདའ་བཞི་རྫོང་གི་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུ་ཡིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། མཚོ་སྔོན་པོ་ཡུལ་ཚོར་བསྐྱོད་དེ་ཚན་རིག་ཁྱབ་གདལ་གྱི་“མདུན་སྐྱོད་དྲུག་”གྲོང་གསེབ་ཏུ་སྤེལ་བའི་དྲིལ་སྒྲོག་བྱེད་སྒོ་ཧུར་ཐག་གིས་དང་ལེན་བྱས་ཤིང་། བྱེད་སྒོའི་ཁྲོད་ཆེད་ལས་ལག་རྩལ་མི་སྣས་ཡིག་ཆའི་ཁྲོད་བསྟན་པའི་དེང་རབས་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བ་དང་། འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་དམིགས་ནས་ཕྱུགས་ལས་གསོ་སྤེལ་དང་། སྲོག་ཆགས་ཀྱི་རིམས་འགོག ཚན་རྩལ་གྲུབ་འབྲས་བསྒྱུར་སྤྱོད་ཁྱབ་གདལ་གཏོང་བ། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། འབྲུ་རིགས་ཐོན་སྐྱེད་བདེ་འཇགས། ལྗང་མདོག་སྔོན་འགོག་ཚོད་འཛིན། དེང་རབས་ཞིང་ལས་འཕྲུལ་ཆས་ལག་རྩལ། ཆུ་བེད་ཆུ་འདྲེན་སོགས་ཀྱི་ཐད་ནས་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བསྒྱུར་སྤྱོད་བྱས་པ་བརྒྱུད། ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ལས་ཆོད་ཆེས་ཆེར་མཐོ་རུ་གཏོང་བ་དང་ཞིང་འབྲོག་ལས་རིགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་སྣོན་ཡོང་བར་སྐུལ་ལྕག་བྱས་ཡོད། 

སྲིད་ཇུས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཚན་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་བསྟུན་ནས། ཚན་རྩལ་གྲོང་གསེབ་ཏུ་བསྐྱོད་པའི་གོམ་སྟབས་སྔར་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་དུ་འགྲོ་བཞིན་པའི་སྒང་ཡིན་ལ།  ང་ཚོས་གྲོང་གསེབ་བསྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་ཚན་རྩལ་གསར་གཏོད་དང་ཞིང་ལས། གྲོང་གསེབ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ཤུགས་སྔར་ལས་སྟོབས་ལྡན་ཞིག་མཁོ་འདོན་བྱ་དགོས་པ་དང་། དུས་མཚུངས་སུ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་ལས་དོན་ལ་ཤུགས་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཡོང་བར་ཤེས་ལྡན་མི་སྣའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号