ཧིན་རྡུ་ཉི་ཞི་ཡ་བྱང་མའི་ཅ་ལི་མན་ཏན་ཞིང་ཆེན་གྱི་མྱུར་བགྲོད་གྲུ་གཟིངས་ཤིག་མགོ་རྟིང་ལོག་པའི་དོན་རྐྱེན་ཁྲོད་མི4རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར།
ཚེས11ཉིན། ཧིན་རྡུ་ཉི་ཞི་ཡ་བྱང་མའི་ཅ་ལི་མན་ཏན་ཞིང་ཆེན་གྱི་འཚོལ་སྐྱོབ་སྡེ་ཁག་གིས་ཚེས10ཉིན་ཞིང་ཆེན་དེ་རུ་མྱུར་བགྲོད་གྲུ་གཟིངས་ཤིག་མགོ་རྟིང་ལོག་པའི་དོན་རྐྱེན་ཁྲོད་མི4རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར་ཟེར།
ཅ་ལི་མན་ཏན་ཞིང་ཆེན་གྱི་འཚོལ་སྐྱོབ་གཞུང་སྒྲུབ་ཁང་གི་བྱ་སྤྱོད་སྡེ་ཁག་གི་འགན་འཁུར་པ་ཏི་ཏི·ཧ་ལི་ཡ་ན་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “དབྱི་ཁེ་ས་མྱུར་ལམ”རྟགས་ཅན་གྱི་མྱུར་བགྲོད་གྲུ་གཟིངས་དེ་ཞིང་ཆེན་དེའི་པུའུ་ལུང་ཨན་རྫོང་ཉེ་འགྲམ་གྱི་མཚོ་ཁོངས་བརྒྱུད་སྐབས་རྦ་རླབས་ཆེན་པོར་འཕྲད་ནས་མགོ་རྟིང་ལོག་པ་དང་། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་དེའི་སྟེང་ཁྱོན་སྡོམ་མི51ཡོད་ཟེར།
ཧ་ལི་ཡ་ན་ཡིས་བཤད་རྒྱུར། མིག་སྔར་འཚོལ་སྐྱོབ་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་གར་སོང་མི་ཤེས་པའི་མི་སྣ་དེ་དག་འཚོལ་བཞིན་ཡོད་པ་དང་། སྲོག་ཉེན་ལས་ཐར་བའི་མི44བདེ་བླག་ངང་ཁ་འགྲེམས་བྱས་ཡོད་ཅིང་། རྐྱེན་ལམ་དུ་ཤོར་བའི་མི4ཡི་བེམ་པོ་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ཟེར།
ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཉེན་བརྡ་བཏང་ནས། མང་ཚོགས་མཚོ་ཐོག་ཏུ་འགྲོ་འོང་བྱེད་སྐབས་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注