ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་སྐོར་ཐེངས་གསར་བའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་འདྲིས་མཐུན་སྦྱོར་བ་ཁི་པུས་ཀྱིས་ཚེས27ཉིན་སྨྱན་བྱད་ལ་བཤད་རྒྱུར། པེད་ཏིན་སྲིད་གཞུང་གིས་མ་འོངས་པའི་ཉིན་འགའི་ནང་ཝུའུ་ཁི་ལན་ལ་སྐོར་ཐེངས་གསར་བའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཁི་པུས་ཀྱིས་ཕོ་བྲང་དཀར་པོའི2024ལོའི་ཆེས་མཇུག་མཐའི་སྨྱན་བྱད་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། པེད་ཏིན་གྱིས་མ་འོངས་པའི་ཉིན་འགའི་ནང་སྐོར་ཐེངས་གསར་བའི་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་ཅིག་ལ་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། དེའི་ནང་མཁའ་སྲུང་མཚོན་ཆ་སོགས་འདུས་ཡོད་ལ། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དྲོད་འདོན་དང་གློག་འདོན་སོགས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པར་འགོག་རྒོལ་བྱེད་པར་རོགས་རམ་དང་། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེའི་འཐབ་འཁྲུག་ལ་སྐུལ་འདེད་གཏོང་བ་དང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཨུ་རུ་སིའི་དམག་དཔུང་གི་དཔུང་འཇུག་ལ་རྒོལ་ལན་སྤྲོད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས27ཉིན་མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། གོང་སྨྲས་ཀྱི་ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་དེའི་རིན་ཐང་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ཡིན་པ་དང་། ཚོད་དཔག་བྱས་ན་ཚེས30ཉིན་དངོས་སུ་ཕྱི་ཕྱོགས་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར། རོགས་སྐྱོར་འཆར་གཞི་དེར་རྒྱལ་ཁབ་སྔོན་ཐོན་གྱི་འཕུར་མདའི་མ་ལག་དང་གླག་རྒོད་རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ལ་བཀོལ་བའི་མདེལ་དང་དུག་ཚེར་རྟགས་ཅན་གྱི་མཁའ་སྲུང་འཕུར་མདའ། དེ་མིན་ཧའོ་སྨིད155ཅན་དང་ཧའོ་སྨིད105ཅན་གྱི་མེ་སྒྱོགས་ཀྱི་སྒྱོགས་མདེལ་སོགས་འདུས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号