ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད་པར་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཟླ12པའི་ཚེས30ཉིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད་པར་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བལྟས་ན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་ང་ཚོའི་ཏང་གིས་ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་གྱི་རྩ་བའི་གཞི་འཛིན་ས་ཡིན་ཞིང་། རིག་གནས་གོང་འཕེལ་འགྲོ་བར་སྐུལ་འདེད་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། རྩ་གནད་པར་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་དབང་གྲགས་ཅན་གྱི་ཟུར་ལྟའི་ཀློག་དེབ་མཁོ་འདོན་བྱས།

ཚོགས་ཞུགས་འཐུས་མིས་བསྟན་དོན། རྩ་གནད་པར་སྐྲུན་བྱས་པ་དེ་གོ་སྐབས་སུ་བརྩིས་ནས། སློབ་སྦྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ཞིབ་འཇུག་འགྲེལ་བཤད་ཟབ་མོ་བྱེད་ཅིང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བའི་འཐབ་ཇུས་ཀྱི་དམིགས་འབེན་ལ་བརྟན་པོར་དམིགས་པ་དང་།  རིག་གནས་རྐྱེན་སྲོལ་ལམ་ལུགས་བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས།  སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་སྲ་བརྟན་གཏོང་བར་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号