ཞི་ཅིན་ཕིང་གིས་ཅིས་སྨི་ཁཱ་ཐི་སྐུ་གཤེགས་པའི་ཐད་ནས་ཨ་རིའི་ཙུང་ཐུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཟླ12པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཟུར་པ་ཅིས་སྨི་ཁཱ་ཐི་སྐུ་གཤེགས་པའི་ཐད་ནས་ཨ་རིའི་ཙུང་ཐུང་པེད་ཏིན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་པར་མ་ཟད། ཁོང་སྒེར་གྱི་མཚན་ཐོག་ནས་ཙུང་ཐུང་ཟུར་པ་ཁཱ་ཐི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཁོང་གི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཟུར་པ་ཁཱ་ཐི་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཛུགས་པའི་སྐུལ་འདེད་པ་དང་ཇུས་འགོད་པ་ཡིན་ལ། དུས་ཡུན་རིང་པོར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཁོང་ཚེ་ལས་འདས་པར་བདག་ཕངས་སེམས་ཆེན་པོ་སྐྱེ་བཞིན་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་ཆེས་གཙོ་བོའི་གྲས་ཤིག་ཡིན་པས། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམ་པོར་དམིགས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རེ་འདུན་དང་བསྟུན་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་བདེ་ཐང་དང་བརྟན་བརླིང་། རྒྱུན་མཐུད་ཐུབ་པ་བཅས་ཡང་དག་པའི་བགྲོད་ལམ་བརྒྱུད་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号