པཱ་ཞི་ཡིས2025ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་སྔོན་གྱི་བྱ་བའི་གྲོས་གཞི་ཁྱབ་བསྒྲགས་བྱས།

པཱ་ཞིའི་ཙུང་ཐུང་བཞུགས་ཤག་གིས་ཟླ1པོའི་ཚེས1ཉིན་སྤྱི་བསྒྲགས་སྤེལ་ནས། པཱ་ཞི་ཡིས2025ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་རིང་། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་འཛམ་གླིང་གི་བཅོས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཆེན་པོ་གཉིས་ལ་དམིགས་ནས་བྱ་བ་བསྒྲུབ་རྒྱུ་ཡིན་པར་བསྟན།

པཱ་ཞི་ཡིས་ཟླ1པོའི་ཚེས1ཉིན་ནས་བཟུང་། 2025ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། པཱ་ཞིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། པཱ་ཞི་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་རིང་གི་སྔོན་གྱི་བྱ་བའི་གྲོས་གཞིའི་ནང་དུ། སྔར་ལས་ཕན་འབྲས་མཐོ་བའི་ནུས་ཆེའི་གཏོང་སྤྲོད་མ་ལག་འཕེལ་རྒྱས་སུ་བཏང་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་ཉོ་འཚོང་དང་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། བསྟུན་མཁས་རང་བཞིན་དང་འགན་འཁུར་བའི་མིས་བཟོས་རིག་ནུས་བཅོས་སྐྱོང་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་བ། པཱ་ཞི་རུ་བསྒྲུབ་རྒྱུ་ཡིན་པའི2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་འབྲེལ་ཡོད་ཕྱོགས་དང་མཉམ་ལས་བྱས་ཏེ།  གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མ་དངུལ་བསྡུ་སྒྲིག་བྱེད་པའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། ཁོངས་མིའི་རྒྱལ་ཁབ་བར་གྱི་མཉམ་ལས་ལས་གཞི་ལ་ཤུགས་བསྣན་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་གཙོར་བཟུང་སྟེ་ཇེ་ལེགས་སུ་གཏོང་རྒྱུ་སོགས་འདུས་ཡོད།

པཱ་ཞི་ཡི་གསེར་གྱོམ་མཉམ་ལས་ལམ་སྲོལ་མཐུན་སྦྱོར་མཁན།  པཱ་ཞིའི་ཕྱི་འབྲེལ་པུའུ་ཡི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ལས་དོན་གྱི་འགན་འཁུར་མི་སྣ་ཨེ་ཏི་ཧྭ་ཏུའོ·ས་པོ་ཡ་ཡིས་པཱ་ཞིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། “སྔར་ལས་ལེགས་པ་དང་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་དགོས་ན་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་མེད་དུ་མི་རུང་བ་ཞིག་ཡིན”ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号