སི་ལོ་ཝ་ཁིའི་ཙུང་ལི་ཡིས་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་རང་གི་མངའ་ཁོངས་བརྒྱུད་ནས་འདྲེན་མཚམས་འཇོག་ཏུ་བཅུག་པ་ལས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པའི་ཚུལ་བསྟན།

སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཚེས29ཉིན་ཡོ་རོབ་གླིང་མནའ་འབྲེལ་ལ་འཕྲིན་ཡིག་བསྐུར་ནས། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་རང་གི་མངའ་ཁོངས་བརྒྱུད་ནས་འདྲེན་མཚམས་འཇོག་ཏུ་བཅུག་པ་ལས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་ཟེར།

ཧྥེ་ཙོ་ཡིས་ཉིན་དེར་དྲ་ཐོག་ཏུ་འཕྲིན་ཡིག་དེ་ཁྱབ་བསྒྲགས་བྱས། ཧྥེ་ཙོ་ཡིས་འཕྲིན་ཡིག་ནང་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་དང་ཤུགས་རྐྱེན་ཐེབས་པའི་ཁོངས་གཏོགས་རྒྱལ་ཁབ་བར་གྲོས་མོལ་ཅི་ཡང་མ་བྱས་པའི་གནས་ཚུལ་འོག ཕྱོགས་གཅིག་ནས་ད་ལོའི་ལོ་མཇུག་ལ་ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་འདྲེན་པའི་གན་རྒྱའི་དུས་ཡུན་ལོངས་རྗེས་མུ་མཐུད་དུ་གན་རྒྱ་འགོད་རྒྱུ་མིན་པ་ཁྱབ་བསྒྲགས་བྱས། ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཕྱོགས་གཅིག་གི་ཆོད་དོན་དེ་འདྲ་སྤེལ་བ་ནི་ལུགས་དང་མི་མཐུན་ཞིང་ནོར་འཆུག་ཅིག་ཡིན་ལ། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་རང་གི་མངའ་ཁོངས་བརྒྱུད་དེ་འདྲེན་མཚམས་འཇོག་ཏུ་བཅུག་པ་ལས་ཡོ་རོབ་གླིང་མནའ་འབྲེལ་ལ་ཐེབས་པའི་གནོད་པ་དེ་ཨུ་རུ་སིའི་གནོད་པ་ལས་ཆེ་ཟེར།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་སྔ་དྲོར་བསྟན་དོན། ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་འདྲེན་པའི་གནད་དོན་གྱི་གྲོས་བསྡུར་དང་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་མི་སྲིད་ལ་དེར་ཞུགས་ཀྱང་མི་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号