སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་ཐབས།
དཀར་ལུང་བསོད་ནམས་རྒྱ་མཚོ། རྨ་ལྷོ།
གཅིག དགེ་རྒན་གྱིས་སྣེ་ཁྲིད་ཡང་དག་བྱེད་པ།《བཀའ་གདམས་པའི་ལྕེ་སྒོམ་གྱི་བསྟན་པ་ལ་འཇུག་པའི་ལག་ལེན་སྤུངས་པ》ལས། “སློབ་དཔོན་མཚན་ཉིད་འཕྲད་གྱུར་ན། །ཐར་བའི་རྒྱུ་རྐྱེན་ཚང་བ་ཡིན། །སློབ་དཔོན་མཚན་ཉིད་མི་ལྡན་ན། །སྡིག་པའི་གྲོགས་དང་བདུད་ལས་ཡིན། །”ཞེས་གསུངས་པ་ལྟར། དགེ་རྒན་ཞིག་གི་བཟང་ངན་གྱི་ཤན་ནི་སློབ་མ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་ལ་གཞིགས་ཏེ་འབྱེད་དགོས་ཤིང་། སློབ་མ་རྣམས་ཀྱི་ལེགས་ཉེས་ཀྱི་ཁྱད་ནི་དགེ་རྒན་གང་དེའི་མཁས་བཙུན་བཟང་གསུམ་ལ་བརྟག་ནས་དབྱེ་དགོས་པ་ལགས་ན། སློབ་མ་རྣམས་ཤེས་རབ་ཀྱི་མེ་འབར་བ་དང་། ཀུན་སྤྱོད་ཀྱི་ཟུངས་རྒྱས་པ། རྩལ་ནུས་ཀྱི་ལང་ཚོ་དར་བ་ཞིག་འཁྱོངས་དགོས་ན། ཡིན་གཅིག་མིན་གཉིས་དགེ་རྒན་མཚན་ལྡན་གྱི་སྣེ་ཁྲིད་དང་མཛུབ་སྟོན་ལ་བརྟེན་དགོས་པ་དང་། སྒོས་སུ་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བ་ལ་དགེ་རྒན་གྱི་རོགས་རམ་འདེགས་མེད་དུ་མི་རུང་བས། དགེ་རྒན་གྱིས་ནམ་རྒྱུན་གོ་རིམ་ཡོད་པ་དང་། འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པ་ལ་སོགས་ཀྱི་སྒོ་ནས་སློབ་མ་རྣམས་ལ་ཚིག་གྲོགས་སྦྱོར་ཚུལ་དང་། ཚིག་སྒྲིག་ཚུལ། ཉིན་ཐོ་འབྲི་ཚུལ། རྩོམ་ཡིག་འབྲི་ཚུལ་སོགས་ཁྲིད་པ་དང་། རྟག་ཏུ་སློབ་མ་རྣམས་ལ་སྐད་ཆ་བཤད་སྟངས་དང་དྲིས་ལན་འདེབས་སྟངས་གང་ཐད་ནས་སྣེ་ཁྲིད་དང་མཛུབ་སྟོན་འཐུས་ཚང་གནང་ཚེ། སློབ་མ་རྣམས་ཀྱི་ཉེ་འཁོར་གྱི་རྨོངས་མུན་སྟུག་པོ་དེའང་ངང་ངམ་ཤུགས་ཀྱིས་སེལ་ཏེ་སྣང་བ་ཇེ་གསལ་དུ་འགྱུར།གཉིས། དཔེ་ཀློག་ལ་སྤྲོ་བས་འཇུག་པ།དཔེ་ཀློག་ནི《སྐད་ཡིག་བསླབ་ཚན་ཚད་གཞི》ཡི་ནང་དོན་གཙོ་བོའི་གྲས་ཀྱི་གཅིག་ཡིན་གྱི། དེང་གི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ལ་མཚོན་ན། དཔེ་ཀློག་ཅེས་པ་ནི་ཐག་རིང་ཐག་རིང་ཞིག་ཏུ་སྣང་བ་ནི་འོས་སུ་མ་མཆིས་ཏེ། སྟབས་བདེས་བཤད་ན། སློབ་དེབ་རེ་རེ་ནི་རྩོམ་ཡིག་གི་རྒྱགས་ཕྱེ་གྱ་ནོམ་པ་རུ་རློམ་ཆོག་པས། སློབ་མ་རྣམས་ཀྱིས་སློབ་ཕྱིའི་ཀློག་དེབ་ཀློག་མི་ནུས་རུང་སློབ་དེབ་རྣམས་ལ་ཞིབ་གསལ་དག་གསུམ་གྱིས་མཇལ་ཚེ། མ་འོངས་པར་རྩོམ་པ་པོ་ལེགས་ཤོས་ཤིག་འཁྱོངས་ཟེར་ན་དཀའ་རུང་། མ་མཐའ་ཡང་རྩོམ་ཡིག་ཐུང་ཐུང་རེ་འབྲི་རྒྱུར་དཀའ་ཁག་སྤུ་ཙམ་ཡང་མེད་པ་དང་། སྐད་ཡིག་སྦྱོང་བ་དང་རྩོམ་ཡིག་སྦྱོང་བ་གཉིས་ནི་དུས་གཅིག་ཏུ་དགེ་རྒན་གཅིག་གི་ངག་ནས་བསླབས་དང་སློབ་ཀྱིན་ཡོད་པས། སློབ་མ་རྣམས་ཀྱིས་སློབ་ཁྲིད་ལ་ནན་ནན་ཏིག་ཏིག་གིས་ཉན་པ་དང་། དེ་ནས་སློབ་གསེང་དང་གནང་བའི་སྐབས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀླགས་ཚེ། སྐད་ཡིག་ཤེས་པ་དང་ལྷན་དུ་རྩོམ་ཡིག་ཀྱང་འབྲི་ཤེས་པར་འགྱུར་ངེས་པ་དང་། རྩོམ་ཡིག་འབྲི་འདོད་ཤུགས་དྲག་རུང་དཔེ་ཀློག་ལ་སྤྲོ་བ་མེད་ཚེ། ཟས་ཟ་འདོད་ཆེ་རུང་ཁ་གདང་ན་མི་འདོད་པ་དང་ཆ་འདྲ་བས། རྩོམ་ཡིག་ལེགས་པོ་འབྲི་བའི་སྔོན་འགྲོ་ནི་དཔེ་ཀློག་མང་དུ་བྱེད་པ་ཡིན་པས་ཁྱབ།སྔོན་དང་བསྡུར་ན་བོད་སྤྱི་ཚོགས་སུ་ཡིག་རྨོངས་པ་ཉུང་བས། སྔོན་ཆད་ལྟར་སློབ་དེབ་ཁོ་ན་ལ་བརྟེན་ནས་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བའི་དུས་ནི་ཡོངས་སུ་རྫོགས་ཟིན་པ་དང་། ད་ནི་དཔེ་ཀློག་གིས་འཇིག་རྟེན་ཁ་ལོ་སྒྱུར་བའི་དུས་ལ་ཁེལ་བས། མ་མཐའ་ཡང་རྩོམ་ཡིག་ལེགས་པོ་རེ་འཁྱོངས་དགོས་ན་ངེས་པར་དཔེ་ཀློག་གི་འཇིངས་སུ་ཞུགས་ཏེ་གང་དེའི་གཏེར་ཁ་སྔོག་འདོན་བྱས་ན་ཤེས་རབ་ཀྱི་འོད་སྣང་རང་ལ་ཐོབ་པར་གྱུར་ཏེ་རྩོམ་འབྲི་ལ་གྲོགས་བྱེད་ངེས་པས།《མི་རོ་རྩེ་སྒྲུང》དང《སེམས་ཀྱི་མྱུ་གུ》ཡིས་མཚོན་པའི་སློབ་ཆུང་སློབ་མར་འཚམ་པའི་དཔེ་ཀློག་གི་རྒྱུན་བསྐྱངས་ན། རྩོམ་ཡིག་འབྲི་རྒྱུའང་ལས་སླ་མོ་ཞིག་ཏུ་གྱུར་ཏེ་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྒྱུ་རུ་འགྱུར་ངེས། དེ་བས། དཔེ་ཀློག་ནི་རྩོམ་འབྲི་མ་ཟད། ཤེས་རིག་གི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དེའོ། །གསུམ། མིང་ཚིག་གསོག་འཇོག་བྱེད་པ།རྩོམ་ཡིག་རེ་རེ་ནི་ཡི་གེ་ནས་མིང་དང་། མིང་ནས་ཚིག ཚིག་ནས་བརྗོད་པའི་གོ་རིམ་ལྟར་ཁབ་གསོག་འབིག་གསོག་དང་ས་སྤུངས་རྡོ་བརྩིགས་ཀྱི་ལུགས་ལྟར་གྲུབ་ཕྱིར། སློབ་མ་རྣམས་ཀྱིས་སློབ་དེབ་སོ་སོའི་མཇུག་ཏུ་བཀོད་པའི་མིང་རྣམས་གསོག་འཇོག་གང་ལེགས་བྱས་ཏེ་ནམ་མཁོ་ནམ་སྤྱོད་དང་གང་བཟང་དེ་འདེམ་བྱེད་ཐུབ་པར་རྨང་གཞི་བསྐྲུན་དགོས། དེ་ལྟ་མིན་ཚེ་སྨྱུ་གུ་བཟུང་ནས་ཅི་ཞིག་འབྲི་བར་བརྩམས་ཚེ། བློ་དང་བཀོད་པས་འདང་རུང་མིང་དང་ཚིག་གིས་མི་འདང་བའི་གནས་ཚུལ་རྟག་ཏུ་བྱུང་དང་འབྱུང་བཞིན་པ་རེད། ཁྱད་གཞི་བརྗོད་པའི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་སོགས་ཀྱིས་མཚོན་པའི་མིང་གིས་རྦད་དེ་སྟོངས་ཚེ། ཉིན་ཐོ་དང་རྩོམ་ཡིག་འབྲི་བ་ལ་དཀའ་ཁག་ལོས་ཡོད། ཐ་ན་ཚིག་ཐུང་ཞིག་སྒྲིག་པའི་ཚེ་ནའང་བསྐྱར་བཟློས་མང་དུ་འབྱུང་བ་དང་། ཚིག་སྐྱོན་དང་དོན་སྐྱོན་གྱི་མུན་དོང་དུ་ཚུད་དེ་ཕྱིར་ཟློག་དཀའ་བས། ཐོག་མར་ནེ་ཙོས་མ་ཎི་འདོན་འདོན་བྱས་ཏེ་མིང་དང་ཚིག་མང་པོ་ཡིད་ལ་འཇགས་པར་འབད་པ་དང་། དེ་ནས་དགེ་རྒན་དང་ཕ་མའི་གསུང་ལ་གསན་ཏེ་ག་ལེར་མིང་དང་ཚིག་སོ་སོའི་སྤྱོད་ཐབས་དང་བྱེད་ནུས། གོ་དོན་དང་བརྗོད་སྙིང་སོགས་གང་ཡིན་རྟོགས་པར་གྱུར་ཚེ། སྔར་འཕྲད་མྱོང་བའི་དཀའ་ཁག་གང་མང་ཞིག་ཆར་རྗེས་ཀྱི་འཇའ་ལྟར་ཡལ་ངེས་པ་གདོན་མི་ཟ།མིང་ཚིག་གསོག་འཇོག་ལ་འདི་བཟང་དེ་ངན་དང་གནའ་ངན་དེང་བཟང་ལ་སོགས་པའི་ཁྱད་མ་ཕྱེ་བར་ཀ་ཁ་སུམ་ཅུས་མཚོན་པའི་དབྱངས་གསལ་སོ་བཞི་ནས་སྔོན་རྗེས་མགོ་འདོགས་དང་བརྩེགས་ཡིག་ལ་སོགས་པ་དང་། དེ་ནས་ཤོག་ངོས་རེ་རེའི་ཀློག་པ་དང་ངོས་འཛིན་དང་ཚིག་ཐུང་ཀློག་པ། རིགས་མཐུན་ཐ་སྙད། རྒྱས་འབྲིའི་དཔེ་མཚོན། རི་མོར་བརྟེན་ནས་མིང་ངོས་འཛིན་པ། རི་མོར་བརྟེན་ནས་སྐད་ཆ་བཤད་པ་ལ་སོགས་པ་གང་དེ་དག་བང་བར་འབྲུ་སྣ་གསོག་གསོག་བྱས་ན། ནམ་ཞིག་གང་དེ་བཀོལ་སྤྱོད་བྱེད་ལ་རེམ་དུས། ཁྱོད་ཀྱི་སྨྱུག་ཁ་ནི་ཁྱོད་ལ་བྱང་ཆུབ་པ་དང་དབང་འབྱོར་བ་ཞིག་ཅི་ལ་མིན། དེ་ནས། ལོ་རིམ་འཕར་བ་དང་བསྟུན་ཏེ་སློབ་ཚན་རེ་རེའི་མིང་གསར་རྣམས་རི་ལ་ཁ་བ་སྤུངས་སྤུངས་བྱས་ན་མིང་ཚིག་གི་བཀྲེས་ལྟོགས་ཅི་ལ་འབྱུང་། མིང་ཚིག་གི་བཀྲེས་ལྟོགས་མེད་ས་ན་རྩོམ་འབྲིའི་ཐན་པ་ཇི་ལྟར་འབྱུང་སྟེ་འབྱུང་མི་སྲིད་དོ། །བཞི། ཚིག་སྙན་མོ་བློར་འཛིན་པ།སྟབས་བདེས་བཤད་ན། རྩོམ་འབྲི་ཞེས་པ་ནི་ངག་གི་སྒྱུ་རྩལ་ཞིག་སྟེ། སེམས་ལ་དྲན་དྲན་དང་ཁ་ནས་ཡོང་ཡོང་སྨྱུག་རྩེ་ལས་འཕྱུར་ན་ཆོག་ཆོག་འདྲ་མོད། དེ་ནི་མ་མཐའི་ཆ་རྐྱེན་ལས་ཡང་དག་པའི་ཚད་གཞི་ཉག་གཅིག་མིན་ཏེ། རྩོམ་འབྲིའི་སྐབས་སུ་མིང་ཚིག་གང་དེར་དཔེ་རྒྱན་དང་གཟུགས་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་སྤུད་རྒྱུ་ནི་དཀའ་ཙམ་གདའ་རུང་། མ་མཐའ་ཡང་དེ་ལ་སྙིགས་དོར་བཅུད་ལེན་དང་སུན་སྤྱུགས་སྙན་བླང་གི་ཁྱད་ཅིག་གནས་ངེས་ཏེ། དཔེར་ན། ནམ་མཁའ་ནས་ཉི་མ་ཤར་ཞེས་པ་ལྟ་བུ་དང་དགུང་ཨ་སྔོན་དབྱིངས་ནས་ཉི་མ་ཤར་ཞེས་པ་ལྟ་བུ་དང་། ནམ་མཁའི་མདོག་ནི་སྔོན་པོ་ཡིན་ཞེས་པ་དང་ནམ་མཁའི་མདོག་ནི་གཡུ་ཡི་མེ་ལོང་འདྲ་ཞེས་པ་ལྟ་བུ་གཉིས་ནི་ནང་དོན་གྱི་ཐད་ནས་ཆ་འདྲ་རུང་ཉམས་འདོན་ཚུལ་མི་འདྲ་བས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ནི་ཏག་ཏག་རྩོམ་འབྲིའི་ཉེར་མཁོ་བ་འབའ་ཞིག་ཡིན་པ་དང་། འདི་དང་འདི་ལྟ་བུའི་དཔེ་མཚོན་ནི་སློབ་དེབ་ཏུ་བགྲང་ལས་འདས་ཤིང་། སློབ་མ་གང་དེས་དགེ་རྒན་གྱི་ཁྲིད་སྟོན་དང་། ཕ་མའི་རོགས་འདེགས། རང་གི་སྐུལ་ལྕག་བཅས་ལ་བརྟེན་ནས་ཚིག་གང་ཡག་དང་གཏམ་གང་སྙན་རྣམས་བློར་འཛིན་པ་དང་། དེ་ནས་རིམ་གྱིས་བློ་ན་ཡོད་པ་མཐའ་དག་བཀོལ་ཅིང་སྤྱད་གྱུར་ཚེ། དེ་ནི་ཟ་མ་རྔོ་དུས་སྣུམ་དང་ཚྭ་ཁུ་བསྣན་པ་དང་། རྩམ་པ་རྫི་དུས་མར་དང་ཆུར་བ་བླུགས་པ་ལྟ་བུར་འགྱུར་ངེས་ཤིང་། ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་དང་། འགན་བབས་སློབ་གསོའི་སློབ་དེབ་ལས་སློབ་ཆུང་ལོ་རིམ་གཉིས་པའི་སྟོད་ཆ་ཁོ་ནར་མཚོན་ནའང་། རོ་བརྒྱ་ལྡན་པའི་ཟས་མཆོག་ལྟ་བུ་དང་། སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་ལྟ་བུ། གསེར་གྱི་ཐང་མ་བརྡལ་བ་ལྟར་སེར་ལམ་ལམ་བྱེད་ལྟ་བུ། ཚེས་རིས་དབྱིབས་ནི་ཤིང་གྲུ་ཆུང་ཆུང་འདྲ་ལྟ་བུ། མཁའ་འགྲོའི་བུ་མོ་གླུ་ལེན་མ་ལྟ་བུ། བྱ་ཁུ་བྱུག་རི་གསུམ་རྩེ་ནས་གྲགས་ལྟ་བུ། དབྱངས་གསལ་སོ་བཞི་གསེར་གྱི་སྒྲོན་མེ་ཡིན་ལྟ་བུ། སྐད་དང་ཡི་གེ་གསེར་གྱི་མིག་འབྲས་ཡིན་ལྟ་བུ་ལ་སོགས་པ་བློར་བཟུང་བ་དང་བེད་སྤྱོད་པ་གཉིས་ཁྱབ་མཉམ་དུ་བགྱིས་ཚེ། ཁྱོད་ཀྱི་རྩོམ་ཡིན་ན་སྙན་པས་ཁྱབ་པའི་དུས་ཤིག་སླེབ་ངེས་སོ། །ལྔ། དུས་རྒྱུན་འབྲི་སྦྱོང་བྱེད་པ།སློབ་མ་སུ་ཞིག་ཡིན་རུང་སློབ་གྲྭར་འགྲིམ་མ་ཐག་ནས་ཀློག་ལ་ཐོགས་རྡུགས་མེད་པ་ནི་དཔེ་མི་སྲིད་པ་དང་། རྩོམ་ཡིག་བྲིས་མ་ཐག་ནས་སྙན་ཞིང་འཇེབས་པ་ནི་སྲིད་མཐའ་ཙམ་སྟེ། དོན་དག་གང་ཞིག་ཡིན་རུང་དེ་ལ་དེ་མཐུན་གྱི་རྩོལ་བ་ཆེར་བསྐྱེད་ཀྱིས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་འབད་པ་ལྷུར་ལེན་གྱིས་ངལ་བ་འབུམ་ཕྲག་ཁྱད་དུ་བསད་ཚེ། ད་གཟོད་བདེ་མོ་ཐང་ཞིག་གམ་སྐྱིད་པའི་གནས་ཤིག་ཏུ་འབྱོར་བ་དང་། རྩོལ་བ་དང་འབད་པ་གང་དེ་ལ་ཡང་དེ་ལ་དེ་མཐུན་གྱི་ཁྱད་ཆོས་ཤིག་དང་ཆོས་ཉིད་ཅིག་བདོག་ཙ་ན། ང་ཚོས་ཁྱད་ཆོས་ཀྱི་ཁུགས་སོ་རྙེད་ཅིང་ཆོས་ཉིད་ཀྱི་ལམ་ངོ་ཟིན་པར་འབད་འབུངས་གནང་རྒྱུ་ལས་ནམ་ཞར་དམིགས་མེད་བྱ་རོག་སོ་རྟོག་གི་རྣམ་ཐར་བསྐྱངས་ན་ནི་ངལ་བའི་རྒྱུ་ལས་མ་འདས།དེ་བས། སློབ་མ་གང་དེས་དགེ་རྒན་གྱིས་སྔུན་ནས་འཐེན་པ་དང་ཁྱིམ་བདག་གིས་རྒྱབ་ནས་སྐྱོར་བའི་དུས་མཚུངས་སུ། རང་ངོས་ནས་ཀྱང་ཚིག་གང་སྒྲིག་དང་རྩོམ་གང་བྲིས་དེ་ཁྲལ་སྤྲོད་ཐབས་ཙམ་དང་འགན་འགྲུབ་ཐབས་ཙམ་ཞིག་ཏུ་ཡེ་ནས་མ་བསམ་པར་འབྲི་སྦྱོང་གང་ལེགས་གནང་བ་དང་སྦྲགས། ཚིག་གང་སྒྲིག་དང་རྩོམ་གང་བྲིས་དེ་གཞན་ལ་སྟོན་རྒྱུར་འཛེམ་དོགས་སྤུ་ཙམ་ཡང་མ་བྱས་པར་དུས་ཐོག་ཏུ་དགེ་རྒན་ལ་བཅའ་རུ་འཇུག་པ་དང་། ཕ་མ་ལ་བློ་འདྲི་བ། དཔེ་ཀློག་ལ་སེམས་བསྟེན་པ་སོགས་ལ་བརྟེན་ནས་ནོར་བ་བཅོས་ཤིང་། ཡོ་བ་བསྲངས། ཐུང་བ་བསྲིངས། རིང་བ་བཅད། སྙིགས་མ་དོར། རོ་བཅུད་བླངས་ཚེ། མཐའ་མའི་མཐར་སྐུ་གེ་སར་མིན་རུང་གསུང་མགུར་མ་རུ་འགྱུར་ཁོ་ཐག་གོ །
གཅིག དགེ་རྒན་གྱིས་སྣེ་ཁྲིད་ཡང་དག་བྱེད་པ།
《བཀའ་གདམས་པའི་ལྕེ་སྒོམ་གྱི་བསྟན་པ་ལ་འཇུག་པའི་ལག་ལེན་སྤུངས་པ》ལས། “སློབ་དཔོན་མཚན་ཉིད་འཕྲད་གྱུར་ན། །ཐར་བའི་རྒྱུ་རྐྱེན་ཚང་བ་ཡིན། །སློབ་དཔོན་མཚན་ཉིད་མི་ལྡན་ན། །སྡིག་པའི་གྲོགས་དང་བདུད་ལས་ཡིན། །”ཞེས་གསུངས་པ་ལྟར། དགེ་རྒན་ཞིག་གི་བཟང་ངན་གྱི་ཤན་ནི་སློབ་མ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་ལ་གཞིགས་ཏེ་འབྱེད་དགོས་ཤིང་། སློབ་མ་རྣམས་ཀྱི་ལེགས་ཉེས་ཀྱི་ཁྱད་ནི་དགེ་རྒན་གང་དེའི་མཁས་བཙུན་བཟང་གསུམ་ལ་བརྟག་ནས་དབྱེ་དགོས་པ་ལགས་ན། སློབ་མ་རྣམས་ཤེས་རབ་ཀྱི་མེ་འབར་བ་དང་། ཀུན་སྤྱོད་ཀྱི་ཟུངས་རྒྱས་པ། རྩལ་ནུས་ཀྱི་ལང་ཚོ་དར་བ་ཞིག་འཁྱོངས་དགོས་ན། ཡིན་གཅིག་མིན་གཉིས་དགེ་རྒན་མཚན་ལྡན་གྱི་སྣེ་ཁྲིད་དང་མཛུབ་སྟོན་ལ་བརྟེན་དགོས་པ་དང་། སྒོས་སུ་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བ་ལ་དགེ་རྒན་གྱི་རོགས་རམ་འདེགས་མེད་དུ་མི་རུང་བས། དགེ་རྒན་གྱིས་ནམ་རྒྱུན་གོ་རིམ་ཡོད་པ་དང་། འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པ་ལ་སོགས་ཀྱི་སྒོ་ནས་སློབ་མ་རྣམས་ལ་ཚིག་གྲོགས་སྦྱོར་ཚུལ་དང་། ཚིག་སྒྲིག་ཚུལ། ཉིན་ཐོ་འབྲི་ཚུལ། རྩོམ་ཡིག་འབྲི་ཚུལ་སོགས་ཁྲིད་པ་དང་། རྟག་ཏུ་སློབ་མ་རྣམས་ལ་སྐད་ཆ་བཤད་སྟངས་དང་དྲིས་ལན་འདེབས་སྟངས་གང་ཐད་ནས་སྣེ་ཁྲིད་དང་མཛུབ་སྟོན་འཐུས་ཚང་གནང་ཚེ། སློབ་མ་རྣམས་ཀྱི་ཉེ་འཁོར་གྱི་རྨོངས་མུན་སྟུག་པོ་དེའང་ངང་ངམ་ཤུགས་ཀྱིས་སེལ་ཏེ་སྣང་བ་ཇེ་གསལ་དུ་འགྱུར།
གཉིས། དཔེ་ཀློག་ལ་སྤྲོ་བས་འཇུག་པ།
དཔེ་ཀློག་ནི《སྐད་ཡིག་བསླབ་ཚན་ཚད་གཞི》ཡི་ནང་དོན་གཙོ་བོའི་གྲས་ཀྱི་གཅིག་ཡིན་གྱི། དེང་གི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ལ་མཚོན་ན། དཔེ་ཀློག་ཅེས་པ་ནི་ཐག་རིང་ཐག་རིང་ཞིག་ཏུ་སྣང་བ་ནི་འོས་སུ་མ་མཆིས་ཏེ། སྟབས་བདེས་བཤད་ན། སློབ་དེབ་རེ་རེ་ནི་རྩོམ་ཡིག་གི་རྒྱགས་ཕྱེ་གྱ་ནོམ་པ་རུ་རློམ་ཆོག་པས། སློབ་མ་རྣམས་ཀྱིས་སློབ་ཕྱིའི་ཀློག་དེབ་ཀློག་མི་ནུས་རུང་སློབ་དེབ་རྣམས་ལ་ཞིབ་གསལ་དག་གསུམ་གྱིས་མཇལ་ཚེ། མ་འོངས་པར་རྩོམ་པ་པོ་ལེགས་ཤོས་ཤིག་འཁྱོངས་ཟེར་ན་དཀའ་རུང་། མ་མཐའ་ཡང་རྩོམ་ཡིག་ཐུང་ཐུང་རེ་འབྲི་རྒྱུར་དཀའ་ཁག་སྤུ་ཙམ་ཡང་མེད་པ་དང་། སྐད་ཡིག་སྦྱོང་བ་དང་རྩོམ་ཡིག་སྦྱོང་བ་གཉིས་ནི་དུས་གཅིག་ཏུ་དགེ་རྒན་གཅིག་གི་ངག་ནས་བསླབས་དང་སློབ་ཀྱིན་ཡོད་པས། སློབ་མ་རྣམས་ཀྱིས་སློབ་ཁྲིད་ལ་ནན་ནན་ཏིག་ཏིག་གིས་ཉན་པ་དང་། དེ་ནས་སློབ་གསེང་དང་གནང་བའི་སྐབས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀླགས་ཚེ། སྐད་ཡིག་ཤེས་པ་དང་ལྷན་དུ་རྩོམ་ཡིག་ཀྱང་འབྲི་ཤེས་པར་འགྱུར་ངེས་པ་དང་། རྩོམ་ཡིག་འབྲི་འདོད་ཤུགས་དྲག་རུང་དཔེ་ཀློག་ལ་སྤྲོ་བ་མེད་ཚེ། ཟས་ཟ་འདོད་ཆེ་རུང་ཁ་གདང་ན་མི་འདོད་པ་དང་ཆ་འདྲ་བས། རྩོམ་ཡིག་ལེགས་པོ་འབྲི་བའི་སྔོན་འགྲོ་ནི་དཔེ་ཀློག་མང་དུ་བྱེད་པ་ཡིན་པས་ཁྱབ།
སྔོན་དང་བསྡུར་ན་བོད་སྤྱི་ཚོགས་སུ་ཡིག་རྨོངས་པ་ཉུང་བས། སྔོན་ཆད་ལྟར་སློབ་དེབ་ཁོ་ན་ལ་བརྟེན་ནས་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བའི་དུས་ནི་ཡོངས་སུ་རྫོགས་ཟིན་པ་དང་། ད་ནི་དཔེ་ཀློག་གིས་འཇིག་རྟེན་ཁ་ལོ་སྒྱུར་བའི་དུས་ལ་ཁེལ་བས། མ་མཐའ་ཡང་རྩོམ་ཡིག་ལེགས་པོ་རེ་འཁྱོངས་དགོས་ན་ངེས་པར་དཔེ་ཀློག་གི་འཇིངས་སུ་ཞུགས་ཏེ་གང་དེའི་གཏེར་ཁ་སྔོག་འདོན་བྱས་ན་ཤེས་རབ་ཀྱི་འོད་སྣང་རང་ལ་ཐོབ་པར་གྱུར་ཏེ་རྩོམ་འབྲི་ལ་གྲོགས་བྱེད་ངེས་པས།《མི་རོ་རྩེ་སྒྲུང》དང《སེམས་ཀྱི་མྱུ་གུ》ཡིས་མཚོན་པའི་སློབ་ཆུང་སློབ་མར་འཚམ་པའི་དཔེ་ཀློག་གི་རྒྱུན་བསྐྱངས་ན། རྩོམ་ཡིག་འབྲི་རྒྱུའང་ལས་སླ་མོ་ཞིག་ཏུ་གྱུར་ཏེ་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་རྒྱུ་རུ་འགྱུར་ངེས། དེ་བས། དཔེ་ཀློག་ནི་རྩོམ་འབྲི་མ་ཟད། ཤེས་རིག་གི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དེའོ། །
གསུམ། མིང་ཚིག་གསོག་འཇོག་བྱེད་པ།
རྩོམ་ཡིག་རེ་རེ་ནི་ཡི་གེ་ནས་མིང་དང་། མིང་ནས་ཚིག ཚིག་ནས་བརྗོད་པའི་གོ་རིམ་ལྟར་ཁབ་གསོག་འབིག་གསོག་དང་ས་སྤུངས་རྡོ་བརྩིགས་ཀྱི་ལུགས་ལྟར་གྲུབ་ཕྱིར། སློབ་མ་རྣམས་ཀྱིས་སློབ་དེབ་སོ་སོའི་མཇུག་ཏུ་བཀོད་པའི་མིང་རྣམས་གསོག་འཇོག་གང་ལེགས་བྱས་ཏེ་ནམ་མཁོ་ནམ་སྤྱོད་དང་གང་བཟང་དེ་འདེམ་བྱེད་ཐུབ་པར་རྨང་གཞི་བསྐྲུན་དགོས། དེ་ལྟ་མིན་ཚེ་སྨྱུ་གུ་བཟུང་ནས་ཅི་ཞིག་འབྲི་བར་བརྩམས་ཚེ། བློ་དང་བཀོད་པས་འདང་རུང་མིང་དང་ཚིག་གིས་མི་འདང་བའི་གནས་ཚུལ་རྟག་ཏུ་བྱུང་དང་འབྱུང་བཞིན་པ་རེད། ཁྱད་གཞི་བརྗོད་པའི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་སོགས་ཀྱིས་མཚོན་པའི་མིང་གིས་རྦད་དེ་སྟོངས་ཚེ། ཉིན་ཐོ་དང་རྩོམ་ཡིག་འབྲི་བ་ལ་དཀའ་ཁག་ལོས་ཡོད། ཐ་ན་ཚིག་ཐུང་ཞིག་སྒྲིག་པའི་ཚེ་ནའང་བསྐྱར་བཟློས་མང་དུ་འབྱུང་བ་དང་། ཚིག་སྐྱོན་དང་དོན་སྐྱོན་གྱི་མུན་དོང་དུ་ཚུད་དེ་ཕྱིར་ཟློག་དཀའ་བས། ཐོག་མར་ནེ་ཙོས་མ་ཎི་འདོན་འདོན་བྱས་ཏེ་མིང་དང་ཚིག་མང་པོ་ཡིད་ལ་འཇགས་པར་འབད་པ་དང་། དེ་ནས་དགེ་རྒན་དང་ཕ་མའི་གསུང་ལ་གསན་ཏེ་ག་ལེར་མིང་དང་ཚིག་སོ་སོའི་སྤྱོད་ཐབས་དང་བྱེད་ནུས། གོ་དོན་དང་བརྗོད་སྙིང་སོགས་གང་ཡིན་རྟོགས་པར་གྱུར་ཚེ། སྔར་འཕྲད་མྱོང་བའི་དཀའ་ཁག་གང་མང་ཞིག་ཆར་རྗེས་ཀྱི་འཇའ་ལྟར་ཡལ་ངེས་པ་གདོན་མི་ཟ།
མིང་ཚིག་གསོག་འཇོག་ལ་འདི་བཟང་དེ་ངན་དང་གནའ་ངན་དེང་བཟང་ལ་སོགས་པའི་ཁྱད་མ་ཕྱེ་བར་ཀ་ཁ་སུམ་ཅུས་མཚོན་པའི་དབྱངས་གསལ་སོ་བཞི་ནས་སྔོན་རྗེས་མགོ་འདོགས་དང་བརྩེགས་ཡིག་ལ་སོགས་པ་དང་། དེ་ནས་ཤོག་ངོས་རེ་རེའི་ཀློག་པ་དང་ངོས་འཛིན་དང་ཚིག་ཐུང་ཀློག་པ། རིགས་མཐུན་ཐ་སྙད། རྒྱས་འབྲིའི་དཔེ་མཚོན། རི་མོར་བརྟེན་ནས་མིང་ངོས་འཛིན་པ། རི་མོར་བརྟེན་ནས་སྐད་ཆ་བཤད་པ་ལ་སོགས་པ་གང་དེ་དག་བང་བར་འབྲུ་སྣ་གསོག་གསོག་བྱས་ན། ནམ་ཞིག་གང་དེ་བཀོལ་སྤྱོད་བྱེད་ལ་རེམ་དུས། ཁྱོད་ཀྱི་སྨྱུག་ཁ་ནི་ཁྱོད་ལ་བྱང་ཆུབ་པ་དང་དབང་འབྱོར་བ་ཞིག་ཅི་ལ་མིན། དེ་ནས། ལོ་རིམ་འཕར་བ་དང་བསྟུན་ཏེ་སློབ་ཚན་རེ་རེའི་མིང་གསར་རྣམས་རི་ལ་ཁ་བ་སྤུངས་སྤུངས་བྱས་ན་མིང་ཚིག་གི་བཀྲེས་ལྟོགས་ཅི་ལ་འབྱུང་། མིང་ཚིག་གི་བཀྲེས་ལྟོགས་མེད་ས་ན་རྩོམ་འབྲིའི་ཐན་པ་ཇི་ལྟར་འབྱུང་སྟེ་འབྱུང་མི་སྲིད་དོ། །
བཞི། ཚིག་སྙན་མོ་བློར་འཛིན་པ།
སྟབས་བདེས་བཤད་ན། རྩོམ་འབྲི་ཞེས་པ་ནི་ངག་གི་སྒྱུ་རྩལ་ཞིག་སྟེ། སེམས་ལ་དྲན་དྲན་དང་ཁ་ནས་ཡོང་ཡོང་སྨྱུག་རྩེ་ལས་འཕྱུར་ན་ཆོག་ཆོག་འདྲ་མོད། དེ་ནི་མ་མཐའི་ཆ་རྐྱེན་ལས་ཡང་དག་པའི་ཚད་གཞི་ཉག་གཅིག་མིན་ཏེ། རྩོམ་འབྲིའི་སྐབས་སུ་མིང་ཚིག་གང་དེར་དཔེ་རྒྱན་དང་གཟུགས་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་སྤུད་རྒྱུ་ནི་དཀའ་ཙམ་གདའ་རུང་། མ་མཐའ་ཡང་དེ་ལ་སྙིགས་དོར་བཅུད་ལེན་དང་སུན་སྤྱུགས་སྙན་བླང་གི་ཁྱད་ཅིག་གནས་ངེས་ཏེ། དཔེར་ན། ནམ་མཁའ་ནས་ཉི་མ་ཤར་ཞེས་པ་ལྟ་བུ་དང་དགུང་ཨ་སྔོན་དབྱིངས་ནས་ཉི་མ་ཤར་ཞེས་པ་ལྟ་བུ་དང་། ནམ་མཁའི་མདོག་ནི་སྔོན་པོ་ཡིན་ཞེས་པ་དང་ནམ་མཁའི་མདོག་ནི་གཡུ་ཡི་མེ་ལོང་འདྲ་ཞེས་པ་ལྟ་བུ་གཉིས་ནི་ནང་དོན་གྱི་ཐད་ནས་ཆ་འདྲ་རུང་ཉམས་འདོན་ཚུལ་མི་འདྲ་བས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ནི་ཏག་ཏག་རྩོམ་འབྲིའི་ཉེར་མཁོ་བ་འབའ་ཞིག་ཡིན་པ་དང་། འདི་དང་འདི་ལྟ་བུའི་དཔེ་མཚོན་ནི་སློབ་དེབ་ཏུ་བགྲང་ལས་འདས་ཤིང་། སློབ་མ་གང་དེས་དགེ་རྒན་གྱི་ཁྲིད་སྟོན་དང་། ཕ་མའི་རོགས་འདེགས། རང་གི་སྐུལ་ལྕག་བཅས་ལ་བརྟེན་ནས་ཚིག་གང་ཡག་དང་གཏམ་གང་སྙན་རྣམས་བློར་འཛིན་པ་དང་། དེ་ནས་རིམ་གྱིས་བློ་ན་ཡོད་པ་མཐའ་དག་བཀོལ་ཅིང་སྤྱད་གྱུར་ཚེ། དེ་ནི་ཟ་མ་རྔོ་དུས་སྣུམ་དང་ཚྭ་ཁུ་བསྣན་པ་དང་། རྩམ་པ་རྫི་དུས་མར་དང་ཆུར་བ་བླུགས་པ་ལྟ་བུར་འགྱུར་ངེས་ཤིང་། ལྗོངས་ཞིང་ལྔའི་མཉམ་སྒྲིག་སློབ་གཞི་དང་། འགན་བབས་སློབ་གསོའི་སློབ་དེབ་ལས་སློབ་ཆུང་ལོ་རིམ་གཉིས་པའི་སྟོད་ཆ་ཁོ་ནར་མཚོན་ནའང་། རོ་བརྒྱ་ལྡན་པའི་ཟས་མཆོག་ལྟ་བུ་དང་། སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་ལྟ་བུ། གསེར་གྱི་ཐང་མ་བརྡལ་བ་ལྟར་སེར་ལམ་ལམ་བྱེད་ལྟ་བུ། ཚེས་རིས་དབྱིབས་ནི་ཤིང་གྲུ་ཆུང་ཆུང་འདྲ་ལྟ་བུ། མཁའ་འགྲོའི་བུ་མོ་གླུ་ལེན་མ་ལྟ་བུ། བྱ་ཁུ་བྱུག་རི་གསུམ་རྩེ་ནས་གྲགས་ལྟ་བུ། དབྱངས་གསལ་སོ་བཞི་གསེར་གྱི་སྒྲོན་མེ་ཡིན་ལྟ་བུ། སྐད་དང་ཡི་གེ་གསེར་གྱི་མིག་འབྲས་ཡིན་ལྟ་བུ་ལ་སོགས་པ་བློར་བཟུང་བ་དང་བེད་སྤྱོད་པ་གཉིས་ཁྱབ་མཉམ་དུ་བགྱིས་ཚེ། ཁྱོད་ཀྱི་རྩོམ་ཡིན་ན་སྙན་པས་ཁྱབ་པའི་དུས་ཤིག་སླེབ་ངེས་སོ། །
ལྔ། དུས་རྒྱུན་འབྲི་སྦྱོང་བྱེད་པ།
སློབ་མ་སུ་ཞིག་ཡིན་རུང་སློབ་གྲྭར་འགྲིམ་མ་ཐག་ནས་ཀློག་ལ་ཐོགས་རྡུགས་མེད་པ་ནི་དཔེ་མི་སྲིད་པ་དང་། རྩོམ་ཡིག་བྲིས་མ་ཐག་ནས་སྙན་ཞིང་འཇེབས་པ་ནི་སྲིད་མཐའ་ཙམ་སྟེ། དོན་དག་གང་ཞིག་ཡིན་རུང་དེ་ལ་དེ་མཐུན་གྱི་རྩོལ་བ་ཆེར་བསྐྱེད་ཀྱིས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་འབད་པ་ལྷུར་ལེན་གྱིས་ངལ་བ་འབུམ་ཕྲག་ཁྱད་དུ་བསད་ཚེ། ད་གཟོད་བདེ་མོ་ཐང་ཞིག་གམ་སྐྱིད་པའི་གནས་ཤིག་ཏུ་འབྱོར་བ་དང་། རྩོལ་བ་དང་འབད་པ་གང་དེ་ལ་ཡང་དེ་ལ་དེ་མཐུན་གྱི་ཁྱད་ཆོས་ཤིག་དང་ཆོས་ཉིད་ཅིག་བདོག་ཙ་ན། ང་ཚོས་ཁྱད་ཆོས་ཀྱི་ཁུགས་སོ་རྙེད་ཅིང་ཆོས་ཉིད་ཀྱི་ལམ་ངོ་ཟིན་པར་འབད་འབུངས་གནང་རྒྱུ་ལས་ནམ་ཞར་དམིགས་མེད་བྱ་རོག་སོ་རྟོག་གི་རྣམ་ཐར་བསྐྱངས་ན་ནི་ངལ་བའི་རྒྱུ་ལས་མ་འདས།
དེ་བས། སློབ་མ་གང་དེས་དགེ་རྒན་གྱིས་སྔུན་ནས་འཐེན་པ་དང་ཁྱིམ་བདག་གིས་རྒྱབ་ནས་སྐྱོར་བའི་དུས་མཚུངས་སུ། རང་ངོས་ནས་ཀྱང་ཚིག་གང་སྒྲིག་དང་རྩོམ་གང་བྲིས་དེ་ཁྲལ་སྤྲོད་ཐབས་ཙམ་དང་འགན་འགྲུབ་ཐབས་ཙམ་ཞིག་ཏུ་ཡེ་ནས་མ་བསམ་པར་འབྲི་སྦྱོང་གང་ལེགས་གནང་བ་དང་སྦྲགས། ཚིག་གང་སྒྲིག་དང་རྩོམ་གང་བྲིས་དེ་གཞན་ལ་སྟོན་རྒྱུར་འཛེམ་དོགས་སྤུ་ཙམ་ཡང་མ་བྱས་པར་དུས་ཐོག་ཏུ་དགེ་རྒན་ལ་བཅའ་རུ་འཇུག་པ་དང་། ཕ་མ་ལ་བློ་འདྲི་བ། དཔེ་ཀློག་ལ་སེམས་བསྟེན་པ་སོགས་ལ་བརྟེན་ནས་ནོར་བ་བཅོས་ཤིང་། ཡོ་བ་བསྲངས། ཐུང་བ་བསྲིངས། རིང་བ་བཅད། སྙིགས་མ་དོར། རོ་བཅུད་བླངས་ཚེ། མཐའ་མའི་མཐར་སྐུ་གེ་སར་མིན་རུང་གསུང་མགུར་མ་རུ་འགྱུར་ཁོ་ཐག་གོ །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注