ཧན་ཀྲིན་ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།

ཟླ9པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཀྲུང་གོ་དང་པཱ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད། པཱ་ཞིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཀའོ་ཝང་སོགས་པཱ་ཞི་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་སྟེང་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་ལྡན་པའི་ལོ་གལ་ཆེན་ཞིག་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་འགོར་བའི་རིང་ལ། ཀྲུང་གོ་དང་པཱ་ཞིའི་འབྲེལ་བ་བརྟན་པོར་འཕེལ་རྒྱས་བྱུང་ཞིང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བྱ་བས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་དང་པཱ་ཞི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་ར་གཙོ་བོའི་རྒྱལ་ཁབ་ཡིན་པས། ཀྲུང་གོས་པཱ་ཞི་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལཱ་གཉིས་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་གཞིར་བཟུང་སྟེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་པཱ་ཞིའི་རྗེས་ཕྱོགས་ཀྱི་རྫོགས་ལྡན་གྱི་ལོ་ངོ50ཡི་འབྲེལ་བ་འཛུགས་རྒྱུར་འཐད་པ་ཡིན།

ཀའོ་ཝང་སོགས་ཀྱིས་པཱ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། པཱ་ཞི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བས་སྔར་ལས་ཡངས་པའི་མདུན་ལྗོངས་བསུ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན།

སྣེ་ལེན་ཚོགས་འདུ་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་པཱ་ཞིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གིས་མཉམ་དུ་བསྒྲུབས་པ་དང་། ཀྲུང་གོ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འཐུས་མི་སོགས་མི120ཙམ་སྣེ་ལེན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号