ཕུའུ་ཅིན་གྱིས་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་མི་གྲངས་ཇེ་མང་དུ་གཏོང་བའི་བཀའ་རྒྱ་བཏང་།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་བཀའ་རྒྱ་བཀོད་དེ།ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་དམག་དོན་མི་སྣའི་ཁ་གྲངས་ས་ཡ་གཅིག་དང་འབུམ་ལྔར་ཁ་སྣོན་བྱེད་དགོས་ཟེར།ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར།ཨུ་རུ་སིའི་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོ་ནས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་བར་ཝུའུ་ཁི་ལན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་།ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་དཔུང་འཇུག་བྱེད་ནུས་ལྡན་པའི་མི་མེད་གནམ་གྲུ་ང་དྲུག་གཏོང་འཕེན་བྱས་ཡོད་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན།ཕུའུ་ཅིན་གྱིས་ཉིན་དེར་བཀོད་པའི་ཙུང་ཐུང་བཀའ་རྒྱའི་གཏན་འཁེལ་ལྟར་ན།ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་མི་སྣའི་སྒྲིག་ལུགས་ནི་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་སྟོང་དགུ་བརྒྱ་དང་སུམ་ཅུ་ཡིན་ཞིང་།དེའི་ནང་དམག་མི་ས་ཡ་གཅིག་དང་འབུམ་ལྔ་ཡོད་དགོས།བཀའ་རྒྱ་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ནུས་ལྡན་དུ་འགྱུར་སྲིད།ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན།ཕུའུ་ཅིན་གྱིས་ཙུང་ཐུང་བཀའ་རྒྱ་བཀོད་དེ།ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་མི་སྣའི་སྒྲིག་ལུགས་དེ་ས་ཡ་གཉིས་དང་འབུམ་གཉིས་སྟོང་དགུ་བརྒྱ་དང་སུམ་ཅུ་ཡིན་ལ།དེའི་ནང་དམག་མི་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་ཡོད་པ་རེད།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས་བཅུ་དྲུག་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར།ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་དང་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་།དཔུང་འཇུག་བྱེད་སའི་ཕྱོགས་གཙོ་བོ་ནི་ཝུའུ་ཁི་ལན་གྱི་ཅི་ཧྥུའུ་མངའ་སྡེའི་ཕྱོགས་ཡིན་པ་དང་།ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་ཀྱིས་བསྡོམས་པས་ཨུ་རུ་སིའི་མི་མེད་གནམ་གྲུ་ང་གསུམ་བཀག་ཡོད་ཟེར།

ཅི་ཧྥུའུ་དམག་དོན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཞའེ་ཨར་ཀའེ་པའོ་ཕུའུ་ཁི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར།ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་མཁའ་སྲུང་ཉེན་བརྡ་གྲགས་པ་དང་།དེ་ནི་ཟླ་དགུ་བའི་ཚུན་ལ་ཨུ་རུ་སིའི་དམག་དཔུང་གིས་ཅི་ཧྥུའུ་རུ་སྤེལ་བའི་བར་སྣང་འཇབ་རྒོལ་ཐེངས་བརྒྱད་པ་རེད།བར་སྣང་འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བཟོས་མེད་ཟེར།

ཧཱ་ཨར་ཁི་ཧྥུའུ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཞི་ནེ་ཀུའུ་པའོ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས།ཨུ་རུ་སིའི་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ཏེ།ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་གསུམ་ལ་རྨས་ཕོགདེ་ལས་གཞན་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོ་ནས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་བར།ཧཱ་ཨར་ཁི་ཧྥུའུ་སོགས་ས་ཁུལ་མང་བོར་ཨུ་རུ་སིའི་དམག་དཔུང་གི་འགས་རྫས་དང་མི་མེད་གནམ་གྲུ།མེ་སྒྱོགས་བཅས་ཀྱི་འཇབ་རྒོལ་ཐེབས་ནས།དམངས་སྤྱོད་སྒྲིག་ཆས་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས།ཁུའུ་ཨར་སི་ཁི་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་དང་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་དགོས་མཁོར་བསམ་བློ་བཏང་སྟེ།ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ནང་ཞུགས་དགགོས་པའི་འབོད་སྐུལ་བཏང་།ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་དོན་དེའི་ཐད་ནས་བཤད་རྒྱུར།ཝུའུ་ཁི་ལན་གྱི་བྱ་སྤྱོད་དེ་ནི་དཀྲུག་འཕེན་ཁོ་ན་ཡིན་ཟེར།ཨུ་རུ་སིའི་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར།ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་དཀྲུག་འཕེན་གསལ་སྒྲོག་དེ་གདན་ཞུ་ཐོབ་མཁན་གྱིས་དང་ལེན་བྱེད་མི་སྲིད་པར་འདོད་པ་དང་།མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་དོན་དེར་ཀླད་པ་གསལ་བོའི་སྒོ་ནས་དཔྱད་འཇོག་བྱེད་པར་རེ་སྒུག་བབྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེའི་ཝུའུ་སི་ཕེན་ནོའུ་ཧྥུའུ་ཁཱ་དང་པའོ་ཨར་ཅི་ཡི་སྡོད་དམངས་ཁུལ་བཅིངས་འགྲོལ་བྱས་ཡོད།དེ་ལས་ཞན་འདས་པའི་ཉིན་གཅིག་གི་ནང་།ཨུ་རུ་སིའི་དམག་དཔུང་གིས་མངའ་སྡེ་དེའི་པུས་ཡཱ་ཧའོ་བོ་སོགས་སྡོད་དམངས་འདུས་སྡོད་ཁུལ་ལྔ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་མཐར་སྐྲོད་བཏང་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号