གོ་སྐབས་མཉམ་དུ་སྤྱོད། མཉམ་ལས་ལྷན་དུ་གླེང་། འཕེལ་རྒྱས་མཉམ་དུ་གཉེར།

ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཞིང་། འཕྲིན་ཡིག་ནང་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་གྲོས་མོལ། འཕེལ་རྒྱས་མཉམ་སྐུལ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་མཚོན་གྱི་འདུག་ཅེས་བརྗོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཞབས་ཞུའི་ཉོ་ཚོང་ཚོགས་འདུས་སྐབས་བཅུ་བདེ་བླག་ངང་འཚོགས་པ་ནི་ཀྲུང་གོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ཞིང་། འདིས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་གནང་ཡོད།

འཇོར་ཇི་ཡའི་ཙུང་ལི་གཞོན་པ་དང་པོ་ཏ་ཝུའེ་ཐ་ཧྲི་ཝུའེ་ལིས། ཞབས་ཞུའི་ཉོ་ཚོང་ཚོགས་འདུས་འདིས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་གོ་སྐབས་གསར་པ་འཚོལ་ཞིབ་བྱ་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཚོགས་ཤིག་ཡིན་པའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུས་ཀྱིས་ལོ་ལྟར་གོ་ལ་ཧྲིལ་པོའི་སྒྲིག་གཞི་དང་། ཚོང་དོན་མཐུན་ཚོགས། འགྲེམས་ཞུགས་ཚོང་དུད་སོགས་འབོར་ཆེན་རྒྱ་ཁྱབ་ཏུ་ཞུགས་རྒྱུའི་ཡིད་དབང་འཕྲོག་བཞིན་ཡོད། དེ་ནི་ཀྲུང་གོས་སྒོ་དབྱེ་མཉམ་ལས་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱུན་མཐུད་སླར་གསོར་སྐུལ་འདེད་གཏོང་བར་གཞོལ་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཉོ་ཚོང་བྱེད་སྟངས་གསར་གཏོད་དང་རིམ་སྤོར་བྱེད་པ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ཁྲོམ་རའི་སྒོ་མོ་ཕྱི་ཕྱོགས་ལ་འབྱེད་རྒྱ་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་སྒོ་དབྱེའི་ལས་སྟེགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

“ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱུ་མུ་མཐུད་རྒྱ་ཆེར་གཏོང་རྒྱུའི་ཆོད་སེམས་མངོན་གྱི་འདུག ཀྲུང་གོས་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་སུ་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་བཏོན་ཏེ། པོ་ལི་ཝེ་ཡ་ཚུད་པའི་རྒྱལ་ཁབ་ཀྱི་ཁེ་ལས་མང་པོར་མཉམ་ལས་གཏིང་ཟབ་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད”ཅེས་ཀྲུང་གོར་བཅའ་སྡོད་པོ་ལི་ཝེ་ཡའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཀེ·ཤིས་ལའེ་སིས་བརྗོད་པ་དང་། ཁོང་གིས་པོ་ལི་ཝེ་ཡས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

ཁེར་གྷི་སི་ཐན་གྱི་འགྲེམས་ཁང་དུ་ཁེར་གྷི་སི་ཐན་ཨ་སི་ཁུའུ་ནེ་རྒྱལ་སྤྱིའི་ཡུལ་སྐོར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁཱ་ཕ་ལུའོ་ཝ་ཡིས། ལྟད་མོ་བར་ཡུལ་སྐོར་རྣམ་གྲངས་དང་ཐོངས་མཆན་འགོད་པའི་སྲིད་ཇུས་སྤྲོ་སེམས་འཁོལ་པོས་ངོ་སྤྲོད་བྱས་ཤིང་། ཁོང་གིས“ང་ཚོ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་བཅུ་གྲངས་ཕྱིན་སོང་། ཀྲུང་གོའི་ཁྲོམ་རའི་ཐོག་གི་ཀུང་སིའི་མཚོན་ཚུལ་ལ་ང་དངོས་འབྲེལ་བློ་ལ་བབས་སོང་། ཀྲུང་གོའི་ཁྲོམ་རར་གསོན་ཤུགས་དང་མཉེན་ཆ་ཆེན་པོ་ལྡན་འདུག སླད་ཕྱིན་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་ཡིན་པ་ལས། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་ཧུར་ཐག་ཞུགས་པའི་ཡིད་ཆེས་ཆེ་རུ་ཕྱིན་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད”ཅེས་བརྗོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号