པ་པུའུ་ཡ་ཀུའེ་ནེ་ཡ་གསར་པ་ནས་ཚད་རིམ6.4ཡི་ས་ཡོམ་བྱུང་བ།

མོ་ཨར་ཚིས་པིས་གྲུ་ཁ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་པ་པུའུ་ཡ་ཀུའེ་ནེ་ཡ་གསར་པ་ནས་ཚེས2ཉིན་ཚད་རིམ6.4ཡི་ས་ཡོམ་བྱུང་བ་དང་། མིག་སྔར། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་གནས་ཚུལ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་དེ་ས་གནས་དེ་གའི་ཚེས2ཉིན་གྱི་ཆུ་ཚོད6དང་སྐར་མ13སྟེ། པེ་ཅིང་གི་དུས་ཚོད4དང་སྐར་མ13སྟེང་བྱུང་བ་དང་། ས་ཡོམ་གཙོ་བོ་དེ་པུའུ་ཀན་ཝེ་ཨར་གླིང་ཕྲན་གྱི་ཕན་ཀུའུ་ནའི་ལྷོ་ངོས་ཀྱི་སྤྱི་ལེ57གྱི་སར་གནས་པ་དང་ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ41ཡོད་པ་རེད།

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཡོམ་སྔོན་བརྡ་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལ་དམིགས་ཏེ་མཚོ་ཡོམ་གྱི་ཉེན་བརྡ་བཏང་མེད།

པ་པུའུ་ཡ་ཀུའེ་ནེ་ཡ་གསར་པ་དེ་སྐམ་ས་ཆེན་མོའི་འབྲེལ་མཚམས་སུ་གནས་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་མེ་རིའི་རྒྱུད་དུ་གནས་པ་དང་ས་ཡོམ་ཐེངས་མང་པོར་འབྱུང་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号