ཨ་སེ་པེ་ཅང་གི་སྲིད་འཛིན་ཏང་ལ་གྲོས་ཚོགས་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ།

ཚེས2ཉིན་གྱི་ཐོ་རེངས་སྐབས་སུ་ཨ་སེ་པེ་ཅང་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་རགས་རྩིས་བྱས་པ་ལྟར་ན། སྲིད་འཛིན་ཏང་ཨ་སེ་པེ་ཅང་ཏང་གསར་པར་ཚེས་གཅིག་ཉིན་འཚོགས་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་གྲོས་ཚོགས་ཀྱི་འདེམ་ཤོག་མང་ཆེ་བ་ཐོབ་ཡོད་པ་རེད།

ཨ་སེ་པེ་ཅང་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་ན་ཧའོ་ཧྥུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདེམས་ཤོག་འཕེན་སའི་ས་ཚིགས5895ཡི་འདེམས་ཤོག91%ཙམ་བསྡོམས་རྩིས་བརྒྱབ་པ་ལྟར་ན། ཨ་སེ་པེ་ཅང་ཏང་གསར་པར་ཉུང་མཐར་ཡང་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མིའི་གོ་ནས125ཁྲོད་ཀྱི་གོ་གནས68ཐོབ་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་འདེམས་ཤོག་འཕངས་ཚད37%ལྷག་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号