ཝང་དབྱི་ཡིས་ཨ་ཧྥེ་རི་ཁ་ལྷོ་མ་དང་སེ་ནེ་ཀལ་གྱི་ཕྱི་འབྲེལ་དཔོན་པོར་ཐུག་འཕྲད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས་གཅིག་ཉིན་པེ་ཅིང་དུ་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་དཔོན་པོ་ལཱ་མོའོ་ལཱ་དང་སེ་ནེ་ཀལ་གྱི་ཕྱི་འབྲེལ་དཔོན་པོ་ཧྥ་ལའེ་དང་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བསྟན་དོན། སྐབས་གསར་པའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་རྩེ་ཚོགས་འཚོགས་ལ་ཉེ། གླེང་སྟེགས་བཙུགས་ནས་ལོ་ཉེར་བཞི་འགོར་བའི་རིང་། ཨ་ཧྥེ་རི་ཁ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་དར་ཆ་གཙོ་བོར་གྱུར་བ་དང་། རྒྱལ་སྤྱིས་ཨ་ཧྥེ་རི་ཁར་མཉམ་ལས་བྱེད་པར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཐེངས་འདིའི་གླེང་སྟེགས་རྩེ་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཛའ་བརྩེ་ལ་ཤུགས་སྣོན་པའི་རྒྱས་འཛོམས་གྲོས་ཚོགས་ཤིག་ཏུ་བརྩིས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ཚ་རླབས་གསར་བ་འཕྱུར་དུ་འཇུག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་གིས་རང་ངོས་དར་རྒྱས་གོང་འཕེལ་གཏོང་བའི་ཁེ་དབང་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ལག་རྡང་སྦྲེལ་ནས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་བསྐྲུན་འདོད་ཡོད་ཟེར།

ལཱ་མོའོ་ལཱ་ཡིས་བསྟན་དོན། ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་མཛུབ་སྟོན་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྱུར་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྥ་ལའེ་ཡིས་བསྟན་དོན། སེ་ནེ་ཀལ་དང་ཀྲུང་གོའི་འབྲེལ་བར་དཔེ་མཚོན་གྱི་དོན་སྙིང་ལྡན། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་མཐོང་བྱེད་ཀྱིན་ཡོད། རྩེ་ཚོགས་སྐབས་སུ། ཙུང་ཐུང་ཧྥ་ཡའེ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་ལ། དེ་ནི་ཁོས་ཐོག་དང་པོར་ཨ་ཧྥེ་རི་ཁ་ལས་གཞན་པའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་པ་ཡིན་ཞིང་། ཐེངས་འདིའི་གོ་སྐབས་དང་བསྟུན་ནས། སེ་ནེ་ཀལ་དང་ཀྲུང་གོའི་ཕྱོགས་ཡོངས་ཐབས་ཇུས་མཉམ་ལས་གྲོགས་པོར་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号