ཕ་ལེ་སི་ཐན་དུ་དུས་རླུང་དྲག་ཆར་ལས་ཟླ་གཉིས་ཀྱི་རིང་ལ་ཉུང་མཐར་ཡང་མི293རྐྱེན་ལམ་དུ་ཤོར།

ཕ་ལེ་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་གཉིས་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ད་ལོའི་ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས31ཉིན་བར་གྱི་ཟླ་གཉིས་ཀྱི་ནང་། དུས་རླུང་དྲག་ཆས་ལས་བྱུང་བའི་གནོད་འཚེའི་ཁྲོད་རྒྱལ་ཁབ་དེ་རུ་ཉུང་མཐར་ཡང་མི293རྐྱེན་ལམ་དུ་ཤོར་བ་དང་མི564ལ་རྨས་ཕོག་ཡོད་ཟེར།

སྙན་ཞུའི་ནང་བཤད་རྒྱུར། ཤར་རྒྱུད་ཀྱི་ཕང་ཀྲེ་ཕུའུ་ཞིང་ཆེན་དང་ནུབ་བྱང་རྒྱུད་ཀྱི་ཁའེ་པོའར--ཕུའུ་ཧྲིན་ཐུའུ་ཞིང་ཆེན་ནི་གནོད་འཚེ་ཚབས་ཆེན་ཐེབས་པའི་ས་ཁུལ་ཡིན་པ་དང་། དུས་རླུང་དྲག་ཆར་ལས་ཞིང་ཆེན་དེ་གཉིས་སུ་སོ་སོར་ཉུང་མཐར་ཡང་མི112དང་མི88རྐྱེན་ལམ་དུ་ཤོར་ཡོད། ཕ་ལེ་སི་ཐན་རྒྱལ་ཡོངས་སུ་ཉུང་མཐར་ཡང་ཁང་བ་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་དོན་གཉིས་དང་། ཟམ་པ39 གཞུང་ལམ་སྤྱི་ལེ119བཅས་ལ་གནོད་འཚེའི་ཁྲོད་གཏོར་བརླག་ཐེབས་ཟེར།

མིག་སྔར། ཕ་ལེ་སི་ཐན་སྲིད་གཞུང་གིས་རྒྱལ་ཡོངས་སུ་གནས་སྐབས་སྨན་བཅོས་དང་རོགས་སྐྱོབ་བྱེད་ས310བཙུགས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས9625མྱུར་མོར་བཀོད་སྒྲིག་བྱས་པ་མ་ཟད། རྒྱལ་ཡོངས་སུ་སྦྲ་གུར་དང་། ཉལ་ཐུལ། རས་གུར་ཆུང་བ་སོགས་རྒུད་སྐྱོབ་དངོས་རྫས་སྣ་ཚོགས་བཀོད་སྒྲིག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号