ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ས་ཁུལ་མང་པོར་རེས་སྐོར་གསར་བའི་བར་སྣང་འཇབ་རྒོལ་བྱས།

ཚེས་གཉིས་ཉིན། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྤྱི་ཚོགས་སྨྱད་བྱད་སྟེང་ཡིག་ཆ་སྤེལ་ནས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་ཡང་བསྐྱར་ཝུའུ་ཁི་ལན་ལ་གཞི་ཁྱོན་ཆེ་བའི་བར་སྣང་འཇབ་རྒོལ་བྱས་ཏེ། ཝུའུ་ཁི་ལན་མངའ་ཁོངས་སུ་འཕུར་མདའ35དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ23གཏོང་འཕེན་བྱས་ཟེར།

ཝུའུ་ཁི་ལན་མཁའ་དམག་གིས་བཤད་རྒྱུར། ཅི་ཧྥུའུ་མངའ་སྡེ་དང་། ཧའར་ཁི་ཧྥུའུ་མངའ་སྡེ། ཏིས་ཉེ་པོ་ལུའོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེའི་སོགས་མངའ་སྡེ6ལས་ཚེས2ཉིན་གྱི་ཐོ་རེངས་སྐབས་སུ་མཁའ་ཟོན་བྱ་བ་སྒྲུབ་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་སྡོམ་པས་འཕུར་མདའ22དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ20བཀག་ཡོད་ཟེར།

《ཝུའུ་ཁི་ལན་བདེན་དོན་ཚགས་པར》སྟེང་ཝུའུ་ཁི་ལན་མཁའ་དམག་གི་གནས་ཚུལ་སྤེལ་བར་གཞིགས་ན། ཚེས2ཉིན་གྱི་ཐོ་རེངས་སྐབས་སུ་བར་སྣང་འཇབ་རྒོལ་ཐེབས་ས་གཙོ་བོ་ནི་རྒྱལ་ས་ཅི་ཧྥུའུ་ཡིན་པ་དང་། ཨུ་རུ་སུའི་དམག་དཔུང་གིས་ཁ་ཕྱོགས་མི་འདྲ་བ་ནས་རིགས་མི་འདྲ་བའི་འཕུར་མདའ་སྣ་ཚོགས་སྤྱད་དེ་ཅི་ཧྥུའུ་ལ་རྡུང་རྡེག་བཏང་། ཅི་ཧྥུའུ་གྲོང་ཁྱེར་དམག་དོན་དོ་དམ་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། བར་སྣང་འཇབ་རྒོལ་བྱས་པ་ལས་གྲོང་ཁྱེར་དེ་རུ་ཉུང་མཐར་ཡང་མི2རྨས་པ་དང་། གྲོང་ཁྱེར་ནང་གི་འཛུགས་སྐྲུན་མང་པོ་ཞིག་གི་སྟེང་འཕུར་མདའི་ཆག་རོ་ལྷུང་ནས་མེར་ཤོར་བ་རེད།

ཧའར་ཁི་ཧྥུའུ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཉེ་ཀུའུ་པོ་ཧྥུའུ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ནས་བཤད་པ་ལྟར་ན། བར་སྣང་འཇབ་རྒོལ་དེ་ལས་ཧའར་ཁི་ཧྥུའུ་གྲོང་ཁྱེར་དུ་ཉུང་མཐར་ཡང་མི5རྨས་པ་དང་། འཛུགས་སྐྲུན་མང་པོ་ཞིག་ལ་བར་སྣང་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་ཡོད་ཟེར།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས2ཉིན་གྱི་ཐོ་རེངས་དུས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས་གཅིག་ཉིན་གྱི་ནམ་གུང་ནས་ཚེས་གཉིས་ཉིན་གྱི་ཐོ་རེངས་དུས་སུ། ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་རྒྱང་བསྟེན་མཚོན་ཆ་དང་མི་མེད་གནམ་གྲུ་ཡིས་ཝུའུ་ཁི་ལན་གྱི་ནུས་ཁུངས་དང་དམག་དོན་བཟོ་ལས་ཕྱོགས་བསྡུས་སྒྲིག་ཆས་དང་། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་སྒྲིག་སྦྱོར་དང་གསོག་ཉར་བྱེད་གནས། ཝུའུ་ཁི་ལན་དམག་དཔུང་། ཕྱི་རྒྱལ་གྱི་དམག་མི་གླས་མའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་མཉམ་འདུས་རྡུང་རྡེག་བཏང་བ་དང་། སྔོན་དཔག་དམིགས་ཚད་ཚང་མར་རྡུང་རྡེག་ཐེབས་ཡོད་ཟེར།

གཞན་ཡང་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཚེས2ཉིན་ཡོངས་བསྒྲགས་བྱས་པའི་གྲངས་ཀ་ལྟར་ན། འདས་ཟིན་པའི་ཉིན་གཅིག་གི་རིང་ལ། ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སུའི་ཁུའུ་ཨར་སི་ཁི་མངའ་སྡེ་རུ་མི350ལྷག་གི་གྱོང་གུན་ཐེབས་པ་དང་། ཟླ8པའི་ཟླ་འགོར་ཁུའུ་ཨར་སི་ཁི་མངའ་སྡེའི་དམག་འཁྲུག་འགོ་ཚུགས་པ་ནས་བཟུང་། ཝུའུ་ཁི་ལན་གྱི་དམག་དཔུང་ལ་རིམ་རྩིས་བྱས་ན་མི8900དང་ཐན་ཁི80ལྷག་ཙམ་གྱི་གྱོང་གུན་ཕོག་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号