དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་ཁག་ཅིག་ཕྱིར་གཏོང་བྱེད་པའི་ཆོག་འཐུས་དཔང་ཡིག་སྤྲོད་མཚམས་བཞག

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཡིས་ཚེས་གཉིས་ཉིན་བསྟན་དོན། དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་ཕྱིར་གཏོང་བྱེད་པའི་ཆོག་འཐུས་དཔང་ཡིག་སུམ་ཅུ་མྱུར་མོར་སྤྲོད་མཚམས་འཇོག་རྒྱུ་ཡིན་ཟེར།

ལ་མུས་ཡིས་ཉིན་དེར་གྲོས་ཁང་ཞོལ་མ་ནས་དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་ཕྱིར་གཏོང་ཆོག་འཐུས་དཔང་ཡིག་སྤྲོད་པའི་སྲིད་ཇུས་སྐོར་ནས་གཏམ་བཤད་པ་དང་། དབྱིན་ཇིའི་དཔྱད་འཇོག་བྱས་པ་ལྟར་ན། དབྱི་སི་རལ་ལ་དམག་དོན་ཐོན་རྫས་ཁ་ཤས་ཕྱིར་གཏོང་བྱེད་པར་ཉེན་ཁ་མངོན་གསལ་ཡོད་པར་ངོས་འཛིན་བྱས་པ་དང་། དེ་དག་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་ཚབས་ཆེས་ཆེན་པོའི་སྒོ་ནས་འགལ་བའི་བྱ་སྤྱོད་ལག་བསྟར་བྱེད་པའམ་ཡང་ན་གཞོགས་འདེགས་བྱེད་པར་བཀོལ་སྤྱོད་བྱེད་སྲིད། དབྱིན་ཇིས་དབྱི་སི་རལ་ཕྱོགས་ལ་མཚོན་ཆ350ཙམ་ཕྱིར་གཏོང་བྱེད་པའི་ཆོག་འཐུས་དཔང་ཡིག་ནང་གི་དོན་ཚན་སུམ་ཅུ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཞིང་། དེའི་ནང་འཐབ་འཛིང་གནམ་གྲུ་དང་། ཐད་འཕུར་གནམ་གྲུ། མི་མེད་གནམ་གྲུ་སོགས་དམག་སྤྱོད་གནམ་གྲུའི་ལྷུ་ལག་སོགས་ཚུད་ཡོད་ཟེར།

ལ་མུས་ཡིས་བཤད་རྒྱུར། ཐག་གཅོད་འདིས་དབྱི་སི་རལ་གྱི་བདེ་འཇགས་ཐོན་སྐྱེད་ལ་དངོས་ཡོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་མི་སྲིད། དབྱིན་ཇིས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་ཁྲིམས་ལྟར་རང་སྲུང་དབང་ཆ་སྤྱོད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཚིས་ཡིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཤད་རྒྱུར། དབྱི་སི་རལ་གྱིས་དབྱིན་ཇིའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི“བློ་ཕམ”པའི་ཐག་གཅོད་རབ་དང་རིམ་པའི་ནང་དབྱི་སི་རལ་ལ་མཚོན་ཆ་ཁག་ཅིག་ཕྱིར་གཏོང་བྱེད་པའི་ཆོག་འཐུས་དཔང་ཡིག་སྟེར་རྒྱུ་མཚམས་བཞག་པའི་ཐག་གཅོད་འདུས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号