ཅོར་ཏན་གྱིས་ཅ་ཧྲ་ས་ཁུལ་ལ་ཡང་བསྐྱར་བར་སྣང་ནས་རོགས་སྐྱོབ་དངོས་རྫས་འཕངས།

ཅོར་ཏན་དྲག་ཆས་དམག་དཔུང་གིས་ཚེས2ཉིན་བཤད་རྒྱུར། ཟླ་གཉིས་ཙམ་ལ་མཚམས་བཞག་རྗེས་ཅོར་ཏན་གྱིས་ཉིན་དེར་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་དུ་ཡང་བསྐྱར་བར་སྣང་ནས་རོགས་སྐྱོབ་དངོས་རྫས་འཕངས་ཟེར།

ཅོར་ཏན་དྲག་ཆས་དམག་དཔུང་སྤྱི་ཁྱབ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་སྐམ་སའི་ལམ་ཁ་ཤས་སུ་རླངས་འཁོར་རུ་ཁག་འབྱོར་མི་ཐུབ་པའི་རྐྱེན་གྱིས་ས་ཁུལ་དེ་དག་ལ་བར་སྣང་ནས་དགོས་མཁོ་ཆེ་བའི་་དངོས་རྫས་འཕངས་པ་ཡིན་ལ། ཅོར་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་ས་ཁུལ་དེ་དག་གི་ས་ཆ་མང་པོར་བར་སྣང་ནས་ཟས་རིགས་སོགས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་འཕངས་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ཅོར་ཏན་དྲག་ཆས་དམག་དཔུང་གིས་ཅོར་ཏན་གྱི་ཧ་ཞིས་མུའུ་སྙིང་རྗེ་རྩ་འཛུགས་དང་མུ་མཐུད་མཉམ་ལས་བྱས་ཏེ། སྐམ་སའི་ལམ་བརྒྱུད་དེ་རླངས་འཁོར་རུ་ཁག་གིས་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཞིང་། ཅོར་ཏན་གྱིས་ཅ་ཧྲ་ས་ཁུལ་གྱི་ཕྱི་འཐབ་སྨན་ཁང་དུ་མུ་མཐུད་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རེད། དེ་ལས་གཞན་ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ན་པུའུ་ལུའུ་སིའི་ཕྱི་འཐབ་སྨན་ཁང་དང་། ཅེ་ཉིན། ལཱ་མོ་ཨན་ལའི་གཤགས་བཅོས་ས་ཚིགས་སུ་མུ་མཐུད་དུ་ནད་པ་བསྡུ་ལེན་བྱ་རྒྱུ་ཡིན་ཟེར།

ཤེས་པའི་གནས་ཚུལ་ལྟར་ན། ན་ནིང་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་བར་སྣང་ནས་ཐེངས119ལ་དངོས་རྫས་མར་འཕངས་པ་དང་། རྒྱལ་ཁབ་གཞན་དང་མཉམ་ལས་བྱས་ནས་བར་སྣང་ནས་ཐེངས266ལ་དངོས་རྫས་མར་འཕངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号