རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་སྲུང་སྐྱོབ་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱུ་ཡིན་པར་བཤད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཚེས་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཝུའུ་ཁི་ལན་གྱི་ཉིང་རྡུལ་བདེ་འཇགས་འགན་སྲུང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་མངའ་ཁོངས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་ཀི་ལུའོ་ཞིས་ཀྱིས་ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་མཇལ་འཕྲད་གནང་རྗེས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་གི་རིང་ཝུའུ་ཁི་ལན་མངའ་ཁོངས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཕུར་མདས་འཇབ་རྒོལ་ཐེབས་པར་དམིགས་ནས་ཉིང་རྡུལ་གས་འགྱུར་སྒྲིག་ཆས་མང་པོ་དང་གློག་དྲ་སྦྲེལ་མཐུད་མཚམས་ཆད་དུ་བཅུག་པ་དང་། དེས་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་གློག་དྲ་བརྟན་འཇགས་མིན་པར་བཟོས་ཏེ། ཝུའུ་ཁི་ལན་མངའ་ཁོངས་ཀྱི་ཉིང་རྡུལ་གློག་ས་ཚིགས་ཀྱི་ཉིང་རྡུལ་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པ་རེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཆེད་མཁས་ཚན་ཆུང་ཞིག་ཝུའུ་ཁི་ལན་རུ་མངགས་ནས་གློག་སྒྱུར་ས་ཚིགས་ཀྱི་གནོད་འཚེ་ཕོག་པའི་གནས་ཚུལ་ལ་རྟོག་དཔྱོད་བྱེད་རྒྱུ་ཡིན་པ་དང་། ཡུལ་དངོས་ནས་གནས་བབ་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་མ་ཟད་སྒྲིག་གཞི་ལ་རྗེས་ཕྱོགས་ཞིབ་འཇུག་བྱེད་པར་སྤྱོད་སྲིད་པའི་འགུལ་སྐྱོད་སྙན་ཞུ་འབུལ་རྒྱུ་རེད་ཟེར།

ཀི་ལུའོ་ཞིས་ཀྱིས་བསྟན་དོན། ཉིང་རྡུལ་གློག་ས་ཚིགས་ཀྱི་བདེ་འཇགས་འཁོར་སྐྱོད་དེ་གློག་དྲ་དང་སྦྲེལ་མཐུད་བརྟན་པོ་བྱ་རྒྱུར་རག་ལས་པ་དང་། དེའི་ཐད་ཀྱི་གནས་བབ་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཉིང་རྡུལ་བདེ་འཇགས་འགན་སྲུང་བྱ་རྒྱུར་མུ་མཐུད་གཞོལ་ནས་ཉིང་རྡུལ་དོན་རྐྱེན་མི་འབྱུང་བར་བྱ་དགོས་ཟེར།

ཀི་ལུའོ་ཞིས་གཟའ་འཁོར་འདིའི་གཟའ་མཇུག་ལ་ཀྲ་པོ་ལོ་རི་ཉིང་རྡུལ་གློག་ས་ཚིགས་ལ་སོང་ནས་གནས་བབ་ལ་དཔྱད་འཇོག་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号