ཝུའུ་ཁི་ལན་ཙུང་ཐུང་གིས་པོའར་ཐ་ཝ་མངའ་སྡེ་ལ་འཕུར་མདས་འཇབ་རྒོལ་ཐེབས་ནས་མི51རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཚེས་གསུམ་ཉིན་གྱི་དགོང་མོར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་བརྙན་ལམ་ནས་གཏམ་བཤད་སྤེལ་བའི་ཁྲོད། རྒྱལ་ཁབ་དེའི་པོའར་ཐ་ཝ་མངའ་སྡེ་ལ་ཉིན་དེར་འཕུར་མདས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི51རྐྱེན་ལམ་དུ་ཤོར་བ་དང་། མི271རྨས་ཟེར།

ཙེ་ལན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་པོའར་ཐ་ཝ་མངའ་སྡེ་རུ་མདེལ་ལམ་ཅན་གྱི་འཕུར་མདའ་གཉིས་འཕངས་པ་དང་། ཝུའུ་ཁི་ལན་གྱིས་མཁའ་ཟོན་ཉེན་བརྡ་བཏང་། མིག་སྔར། ཝུའུ་ཁི་ལན་གྱི་འབྲེལ་ཡོད་སྡེ་ཁག་གིས་འཇབ་རྒོལ་ཐེབས་ས་ནས་རྒུད་སྐྱོབ་དང་གཙང་བཤེར་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་རྒྱུ་ཡིན། ཝུའུ་ཁི་ལན་ཁྲིམས་ལག་བསྟར་སྡེ་ཁག་དང་རྒྱལ་སྲུང་པུའུ་ཡིས་འཇབ་རྒོལ་དོན་རྐྱེན་ལ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་སྤྱི་ཚོགས་སྨྱན་བྱད་སྟེང་ཡིག་ཆ་སྤེལ་ནས་བཤད་རྒྱུར། པོའར་ཐ་ཝ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པོའར་ཐ་ཝ་གྲོང་ཁྱེར་གྱི་སློབ་གསོའི་སྒྲིག་གཞི་ཞིག་ལ་ཉིན་དེར་མདེལ་ལམ་ཅན་གྱི་འཕུར་མདེལ་གཉིས་ཀྱི་འཇབ་རྒོལ་ཐེབས་ནས་མི་མང་པོ་ཞིག་རོའི་འོག་ཏུ་མནན་ཡོད་ཟེར།

ཐ་སི་གསར་འགྱུར་ཁང་གིས་ཚེས་གསུམ་ཉིན་ཨུ་རུ་སུའི་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་པོའར་ཐ་ཝ་མངའ་སྡེ་རུ་ཡོད་པའི་ཝུའུ་ཁི་ལན་ཕྱོགས་ཀྱི་དམག་དོན་སྦྱོང་བརྡར་ལྟེ་གནས་ཤིག་ལ་རྡུང་རྡེག་བཏང་ནས་ཝུའུ་ཁི་ལན་གྱི་དྲག་ཆས་མི་སྣ300ལྷག་ལ་ཤི་རྨས་བཟོས་པ་དང་། དེའི་ནང་ཕྱི་རྒྱལ་གྱི་དམག་དོན་སློབ་ཁྲིད་བྱེད་མཁན་གྱི་དཔོན་པོ་ཡང་ཚུད་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱི་དམག་དོན་སྒྲིག་ཆས་ལ“དབྱི་སི་ཁན་ཏིའར·M”རྟགས་ཅན་གྱི་འཕུར་མདའ་གཉིས་ཕོག་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号