ཅོར་ཏན་གྱིས་སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་དམིགས་བསལ་དམག་འཐབ་དམག་དཔུང་གི་དྲག་ཆས་སྒྲིག་ཆས་འགྲེམས་སྟོན་བྱས།

སྐབས་བཅུ་བཞི་བའི་རྒྱལ་སྤྱིའི་དམིགས་བསལ་དམག་འཐབ་དམག་དཔུང་གི་དྲག་ཆས་སྒྲིག་ཆས་འགྲེམས་སྟོན་དེ་ཚེས་གསུམ་ཉིན་ཅོར་ཏན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཁི་པ་ནས་འགོ་བརྩམས་ཤིང་། རྒྱལ་ཁབ་དོན་གསུམ་ནས་ཡོང་བའི་རྒྱལ་སྲུང་དང་བདེ་འཇགས་ལས་རིགས་ཀྱི་ཀུང་སི300ལྷག་འགྲེམས་སྟོན་ནང་ཞུགས།

ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད། ཅོར་ཏན་གོང་མ་ཚང་གི་དམིགས་བསལ་དམག་དཔུང་གིས་ཡཱ་ཁི་པ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་སྦྱོང་བརྡར་ལ་བལྟས།

སྐབས་འདིའི་འགྲེམས་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། དེས“མཉམ་ལས་དང་མཉམ་འདྲེས་བྱས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་ལ་ཤུགས་སྣོན་དགོས”ཞེས་པ་བརྗོད་བྱ་བྱས་ཏེ། བདེ་འཇགས་དམག་དཔུང་དང་དམིགས་བསལ་དམག་དཔུང་གིས་སྤྱོད་པའི་སྔོན་ཐོན་སྒྲིག་ཆས་དང་། རྒྱལ་སྲུང་དང་སྦྱོང་བརྡར་སྒྲིག་ཆས་སོགས་གཙོ་བོར་བཟུང་ནས་འགྲེམས་སྟོན་བྱ་རྒྱུ་རེད།

ཅོར་ཏན་རྒྱལ་སྤྱིའི་དམིགས་བསལ་དམག་འཐབ་དམག་དཔུང་གི་དྲག་ཆས་སྒྲིག་ཆས་འགྲེམས་སྟོན་དེ1996ལོ་ནས་འགོ་བརྩམས་པ་དང་ལོ་གཉིས་རེའི་ནང་ཐེངས་རེར་སྒྲུབ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号