སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ལས་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཚུལ་བསྟན་པ།

སི་ཏི་ཁོ་ཨར་མོ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ9པའི་ཚེས4ཉིན་སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཐུའོ་པི་ཡ་སི·པི་ཨར་སི་ཐེ་ལུན་གྱིས་གཟའ་འཁོར་རྗེས་མར་ཕྱི་འབྲེལ་བློན་ཆེན་གྱི་ལས་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཚུལ་བསྟན། 

པི་ཨར་སི་ཐེ་ལུན་གྱིས་ཉིན་དེར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་། ཁོས་དབུ་བཞུགས་བློན་ཆེན་ལ་ཚེས10ཉིན་གྱི་གྲོས་ཚོགས་མགོ་རྩོམ་སྐབས་ཕྱི་འབྲེལ་བློན་ཆེན་གྱི་གོ་གནས་དགོངས་ཞུ་གནང་རྒྱུའི་སྔོན་བརྡ་བརྒྱབ་ཡོད་པ་མ་ཟད། ཆབ་སྲིད་ལས་རིགས་ནས་རྦད་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་ཚུལ་བསྟན། དེས་གྲོས་ཚོགས་ཀྱི་གདན་ཐོ་དགོངས་ཞུ་བྱ་རྒྱུ་ཡིན་པ་མཚོན། པི་ཨར་སི་ཐི་ལུན་གྱིས། ཐག་གཅོད་འདི་དེ་འདྲའི་སླ་མོ་ཞིག་མིན་སྟབས་དུས་ཡུན་ངེས་ཅན་ཞིག་ལ་བསམ་བློ་བཏང་བ་ཡིན་ཞེས་བཤད། ཁོས་ལས་ཁུར་དགོངས་ཞུ་བྱས་པའི་རྒྱུ་རྐྱེན་ཅི་ཡིན་བཤད་མེད་པ་རེད། 

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་གིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་། པི་ཨར་སི་ཐེ་ལུན་ལ་སུའེ་ཏེན་གྱི་ཆབ་སྲིད་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ད་ལོ་ལོ་ན50ཡིན་པའི་པི་ཨར་སི་ཐེ་ལུན་གྱིས2022ལོའི་ཟླ10པ་ནས་བཟུང་སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号