ཕེ་རུ་དབུས་རྒྱུད་དུ་འགྲུལ་སྐྱེལ་མཚོ་གྲུ་ཞིག་ཆུར་ནུབ་སྟེ་མི6ཚེ་ལས་འདས་པ།

ཟླ9པའི་ཚེས4ཉིན། ཕེ་རུ་དབུས་རྒྱུད་ཀྱི་ཝུའུ་ཁ་ཡ་ལི་ཞིང་ཆེན་གྱི་ཝུའུ་ཁ་ཡ་ལི་གཙང་བོ་རུ་འགྲུལ་སྐྱེལ་མཚོ་གྲུ་ཞིག་ཆུར་ནུབ་པའི་དོན་རྐྱེན་བྱུང་སྟེ། མི6ཚེ་ལས་འདས་ཤིང་། མི་མང་པོ་གར་སོང་ཆ་མེད་དུ་གྱུར། 

ཕེ་རུ་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལྟར་ན། དོན་རྐྱེན་དེ་ནི་ཉིན་དེའི་ཆུ་ཚོད1དང་སྐར་མ30ཡས་མས་སུ་བྱུང་ཞིང་། སྐབས་དེར་མཚོ་གྲུ་ཐོག་འགྲུལ་བ68ཡོད་པ་རེད། ཐོག་མའི་བརྟག་དཔྱད་ལྟར་ན། ཝུའུ་ཁ་ཡ་ལི་གཙང་པོའི་ཆུ་འགྲིབ་ཅིང་འགྲུལ་སྐྱེལ་གྲུ་གཟིངས་ཆུ་ལམ་གྱི་གེགས་དངོས་དང་གདོང་ཐུག་བརྒྱབ་པ་ལས་གྲུ་གཟིངས་ཆུར་ནུབ་པ་རེད།

མིག་སྔར། ཐེངས་འདིའི་དོན་རྐྱེན་དང་འབྲེལ་བའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号