མེ་མདའི་དོན་རྐྱེན་ཁྲོད་མི4རྐྱེན་ལམ་དུ་ཤོར་འདུག 

ཚེས4ཉིན། ཨ་རིའི་ཙའོ་ཀྲི་ཡ་མངའ་སྡེ་ཉེན་རྟོག་ཕྱོགས་ཀྱིས། མངའ་སྡེ་དེའི་པ་ལུའོ་རྫོང་གི་མཐོ་རིམ་སློབ་འབྲིང་ཞིག་ལ་ཉིན་དེའི་སྔ་དྲོར་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི4རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད། ཉེན་རྟོག་པས་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད།

མེ་མདའི་དོན་རྐྱེན་དེ་པ་ལོ་རྫོང་ཝུན་ཏི་གྲོང་ཁྱེར་ཨ་པ་ལ་ཆི་མཐོ་འབྲིང་དུ་བྱུང་བ་རེད། ཙོ་ཀྲི་ཡ་མངའ་སྡེ་ཡི་ལྟེ་གནས་གྲོང་ཁྱེར་ཡ་ཐི་ལན་ཏ་དང་ཧ་ལམ་སྤྱི་ལེ72སར་ཡོད། པ་ལོ་རྫོང་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་ཆུ་ཚོད10དང་སྐར་མ23ཡོལ་ཙམ་ལ་སློབ་གྲྭར་མེ་མདའ་བརྒྱབ་པའི་ཉེན་བརྡ་འབྱོར་རྗེས། ཉེན་རྟོག་པ་དང་དེ་བཞིན་མེ་ཟོན་རུ་མི། མྱུར་སྐྱོབ་མི་སྣ་བཅས་ཡུལ་དངོས་སུ་བསྐྱོད་པ་རེད། དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས། ཙོ་ཀྲི་ཡ་མངའ་སྡེ་བརྟག་དཔྱད་ཅུས་ཀྱིས་ཅུང་འགོར་ནས་གསལ་བསྒྲགས་སྤེལ་བར། མེ་མདའི་ཁྲོད་མི4རྐྱེན་ལམ་དུ་ཤོར་བ་དང་མི9རྨས་ཡོད་ཅེས་བཤད།

ཨ་པ་ལ་ཆི་མཐོ་འབྲིང་ལ་ཕལ་ཆེར་སློབ་མ1900ཡོད། དོན་རྐྱེན་བྱུང་རྗེས་མཐོ་འབྲིང་འདི་བཀག་སྡོམ་བྱས་ཤིང་། རྨས་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་འདུག ཉེ་འགྲམ་གྱི་ཡ་ཐུ་ལན་ཏ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཀྱང་སློབ་གྲྭ་དང་ཉེ་འཁོར་ས་ཁུལ་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号