ཡོ་ནན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས20ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཡོ་ནན་རྒྱལ་ཚོགས་ཀྱི་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་ལྟར་ན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཡོ་ནན་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་ཁྲུན་ཆིན་མིན་སྐབས་གསར་བའི་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཤིང་། དེ་རྗེས་ཁྲུན་ཆིན་མིན་ལས་འཁུར་དམ་བཅའ་བཞག
པར་འདི་ནི་ཟླ5པའི་ཚེས20ཉིན་ཁྲུན་ཆིན་མིན་གྱིས་ཡོ་ནན་གྱི་རྒྱལ་ས་ཧི་ནའེ་རུ་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཡི་འགན་བཞེས་དམ་བཅའ་འཇོག་པའི་རྣམ་པ་རེད།
ཁྲུན་ཆིན་མིན་ནི1962ལོའི་ཟླ8པར་ཡོ་ནན་ལྷོ་རྒྱུད་ཀྱི་ཧོའུ་ཅང་ཞིང་ཆེན་དུ་སྐྱེས་ཤིང་། ཡོ་ནན་གུང་ཁྲན་ཏང་གི་སྐབས་བཅུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་བཅས་ཡིན། ཁྲུན་ཆིན་མིན་གྱིས་སྔ་རྗེས་སུ་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞིའི་འགན་འཁུར་ཞིང་། 2021ལོའི་ཟླ4པ་ནས་བཟུང་ཡོ་ནན་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་འཁུར་བ་དང་། 2024ལོའི་ཟླ5པའི་ཚེས2ཉིན་ནས་བཟུང་རྒྱལ་ཚོགས་ཀྱི་ལས་དོན་གཙོ་སྐྱོང་གནང་བ་རེད། ཁོང་ནི་ཡོ་ནན་རྒྱལ་ཚོགས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པ། བཅོ་ལྔ་པའི་བཅས་ཀྱི་འཐུས་མི་ཡིན།
ཟླ4པའི་ཚེས26ཉིན། ཡོ་ནན་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཤིང་། ཝང་ཐིན་ཧུའེ་ཡིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་བྱས་པར་མོས་མཐུན་བྱུང་། ཟླ5པའི་ཚེས2ཉིན་ཡོ་ནན་རྒྱལ་ཚོགས་སྐབས་བཅོ་ལྔ་པའི་དམིགས་བསལ་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཤིང་། ཝང་ཐིན་ཧུའེ་ཡི་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའི་གོ་གནས་ཕྱིར་འཐེན་བྱས་པ་མ་ཟད། རྒྱལ་ཚོགས་སྐབས་བཅོ་ལྔ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
ཡོ་ནན་རྒྱལ་ཚོགས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་ཟླ5པའི་ཚེས20ཉིན་འཚོགས་མགོ་བརྩམས་ཤིང་། ཟླ6པའི་ཚེས28ཉིན་ལ་མཇུག་སྒྲིལ་འཆར་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注