དབྱི་རན་གྱིས་ཙུང་ཐུང་ལའེ་ཞི་ལ་དོན་རྐྱེན་བྱུང་བའི་ཐད་བརྟག་དཔྱད་བྱེད་མགོ་བརྩམས་པ།

པར་འདི་ནི་ཟླ5པའི་ཚེས20ཉིན་དབྱི་རན་རྒྱལ་ཁབ་གསར་འགྱུར་ཁང་གིས་བཏང་བའི་གྱེན་འཕུར་གནམ་གྲུའི་བརྙན་རིས་རེད། 

ཟླ5པའི་ཚེས20ཉིན། དབྱི་རན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་རན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་པ་ཀའེ་ལི་ཡིས་མཐོ་རིམ་འཐུས་མི་ཚོགས་པ་ཞིག་མངགས་ནས་ཙུང་ཐུང་ལའེ་ཞི་དང་ཁོང་གི་ཕེབས་རོགས་རྣམས་རྐྱེན་ལམ་དུ་ཤོར་བའི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།

གསར་འགྱུར་ནང་། འཐུས་མི་ཚོགས་པ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་ཏེ་བརྟག་དཔྱད་བྱེད་མགོ་བརྩམས་ཤིང་། དེའི་མཇུག་འབྲས་བརྟག་དཔྱད་བྱས་ཚར་རྗེས་བསྒྲགས་རྒྱུ་ཡིན་པར་བཤད། 

དབྱི་རན་སྲིད་གཞུང་གིས་ཚེས20ཉིན། ལའེ་ཞི་ཚེས19ཉིན་དོན་རྐྱེན་བྱུང་བའི་གྱེན་འཕུར་གནམ་གྲུ་ཁྲོད་ཚེ་ལས་འདས་པར་གཏན་ཁེལ་བྱས། ལའེ་ཞི་ཡི་འགྲོ་རོགས་ཏེ་དབྱི་རན་གྱི་ཕྱི་འབྲེལ་ཕུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་ཡང་དང་ཏུང་ཨ་སའེ་པའེ་ཅང་ཞིང་ཆེན་གྱི་མགོ་གཙོ་ལ་ཧི་མ་ཐུ་སོགས་མཐོ་རིམ་དཔོན་རིགས། དེ་མིན་གནམ་གྲུའི་ཁ་ལོ་བ་བཅས་ཚང་མ་དོན་རྐྱེན་དེའི་ཁྲོད་ཚེ་ལས་འདས། དབྱི་རན་རྩ་ཁྲིམས་ཀྱི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར། དབྱི་ལིང་གི་ཙུང་ལི་གཞོན་པ་དང་པོ་མུའུ་ཧི་པའེ་ཨར་གྱིས་ཙུང་ཐུང་གི་འགན་འཁུར་དང་། ཉིན50ནང་ཙུང་ཐུང་གསར་བ་འདེམས་བསྐོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

གསར་འགྱུར་ནང་། ལའེ་ཞི་ཡིས་ཚེས19ཉིན་དབྱི་རན་ནུབ་བྱང་རྒྱུད་ཀྱི་ཨ་སའེ་པའེ་ཅང་གི་ཏུང་ཨ་སའེ་པའེ་ཅང་ཞིང་ཆེན་ཧའོ་ཏ་ཨ་ཧྥ་ལིན་རྫོང་དུ་ཆུ་རགས་འཛུགས་སྐྲུན་གྱི་མཛད་སྒོར་ཞུགས་རྗེས། གྱེན་འཕུར་གནམ་གྲུར་བསྡད་དེ་ཏུང་ཨ་སའེ་པའེ་ཅང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏ་པུའུ་ལི་ཧྲི་རུ་རྡོ་འགྱུར་ཕྱོགས་བསྡུས་སྒྲིག་ཆས་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་པར་འགྲོ་སྐབས། གྱེན་འཕུར་གནམ་གྲུར་དོན་རྐྱེན་བྱུང་སྟེ་བྲེལ་མྱུར་སྒོས་མར་བབས་པར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号