སི་ལོ་ཝ་ཁེའི་ཙུང་ལི་ལ་མེ་མདས་རྨས་ཕོག་པ།
པར་འདི་ནི་ཟླ5པའི་ཚེས15ཉིན་སི་ལོ་ཝ་ཁེ་པན་སི་ཁ-པི་སི་ཐེ་ལི་ཁྲ་རུ་སྨན་བཅོས་མི་སྣས་རྨས་སྐྱོན་ཕོག་པའི་སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ཙུའོ་ལ་ས་གནས་དེ་གའི་སྨན་ཁང་དུ་བསྐྱེལ་པའི་རྣམ་པ་རེད།
སི་ལོ་ཝ་ཁེ་གསར་འགྱུར་ཁང་གིས་ཚེས15ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། སི་ལོ་ཝ་ཁེའི་ཙུང་ལི་ཧྥེ་ཙུའོ་ལ་ཉིན་དེར་རྒྱལ་ཁབ་དེའི་ཐེ་ལུང་ཆེན་ས་ཁུལ་དུ་མེ་མདས་རྨས་ཕོག
པར་འདི་ནི་ཟླ5པའི་ཚེས15ཉིན་སི་ལོ་ཝ་ཁེ་ཐེ་ལུང་ཆེན་ས་ཁུལ་གྱི་ཧན་ཏི་ལའོ་ཝ་རུ་ཙུང་ལི་ཧྥེ་ཙུའོ་ལ་མེ་མདའ་བརྒྱག་པའི་ལག་དམར་འཛིན་བཟུང་བྱེད་པའི་རྣམ་པ་རེད།
གསར་འགྱུར་ནང་། ཧྥེ་ཙུའོ་ཡིས་ཐེ་ལུང་ཆེན་ས་ཁུལ་དུ་སྲིད་གཞུང་གི་གྲོས་ཚོགས་གྲོལ་རྗེས་མེ་མདའ་ཕོག་ལ། དེ་མ་ཐག་ཧྥེ་ཙུའོ་སྨན་ཁང་དུ་བསྐྱལ་བ་རེད། རྒྱུས་ལོན་པ་ལྟར་ན་ཚེ་སྲོག་ལ་ཉེན་ཁ་ཅི་ཡང་མེད་ལ། ལག་དམར་ནི་སྐྱེས་པ་ཞིག་ཡིན་ཞིང་འཛིན་བཟུང་བྱས་ཟིན་པར་བཤད།
དོན་རྐྱེན་བྱུང་རྗེས། སི་ལོ་ཝ་ཁེའི་ཙུང་ཐུང་ཆ་ཕུའུ་ཐའོ་ཝས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། ཧྥེ་ཙུའོ་གང་མགྱོགས་སྒོས་བདེ་ཐང་ཡོང་བར་རེ་བ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注