ཨོ་སི་ཁྲུ་ལི་ཡ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ལ་ཨེ་ཤེ་ཡའི་བུམ་པ་རྟགས་ཅན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་དབང་ཐོབ་པ།

ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས15ཉིན་ཨོ་སི་ཁྲུ་ལི་ཡ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ལ2026ལོ་དང2029ལོར་ཨེ་ཤེ་ཡ་བུམ་པའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་དབང་གནང་པ་ཁྱབ་བསྒྲགས་བྱས།

ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས16ཉིན་འཚོགས་འཆར་ཡོད་པའི་སྐབས34པའི་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་འཐུས་མི་ཚོགས་ཆེན་མ་འཚོགས་སྔོན་ལ། ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ལྷན་གྱིས་ཨེ་ཤེ་ཡ་རྐང་རྩེད་སྤོ་ལོའི་བུད་མེད་རྐང་རྩེད་སྤོ་ལོའི་ཨུ་ལྷན་གྱི་གྲོས་མགོར་ཆོག་མཆན་གནང་སྟེ། ཨོ་སི་ཁྲུ་ལི་ཡ་དང་ཨུ་ཟ་བྷེ་ཁི་སི་ཐན་གཉིས་ཀྱིས2026ལོ་དང2029ལོའི་ཨེ་ཤེ་ཡའི་བུམ་པ་རྟགས་ཅན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤེལ་རྒྱུ་རེད། 

འདི་ནི་ཨོ་སི་ཁྲུ་ལི་ཡས2006ལོའི་རྗེས་སུ་ཨེ་ཤེ་ཡ་བུམ་པའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་ཐེངས་གཉིས་པ་རེད། ཨུ་ཟ་བྷེ་ཁི་སི་ཐན་ནི་འགྲན་བསྡུར་དེ་གཉེར་བའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཐོག་མ་གྱུར་བ་རེད།  

ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ས་ཨར་མན་གྱིས། ཉེ་བའི་ལོ་ཤས་རིང་ཨེ་ཤེ་ཡའི་བུད་མེད་རྐང་རྩེད་སྤོ་ལོ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཨོ་སི་ཁྲུ་ལི་ཡས2026ལོར་སྔར་ལས་གསོན་ཤུགས་དང་འགྲན་རྩོད་ལྡན་པའི་ཨེ་ཤེ་ཡ་བུམ་པའི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་དང་པོ་གཉེར་རྒྱུ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས2029ལོར་སྔོན་དཔག་ལས་བརྒལ་བའི་འགྲན་བསྡུར་ཞིག་གཉེར་རྒྱུ་ཡིན་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号