བརྐུས་དངོས་གསང་རོགས་བྱས་ན་ནག་ཉེས་ཅི་ཞིག་གྲུབ།

གྱོད་དཔེ།2020ལོའི་ཟླ4པར། སྦྱིན་བདག་ཅིག་གིས་དབྱར་རྩྭ་བརྐོ་མཁན་འཚོལ་བཞིན་ཡོད་པར་ལྷ་དཔལ་དང་ཁོའི་གྲོགས་པོ་སྐོར་ཞིག་དེའི་རྗེས་སུ་དབྱར་རྩྭ་བརྐོ་རུ་སོང་ཞིང་། ཉིན་ཞིག་ཁོས་དབྱར་རྩྭ་དགུན་འབུ་བརྐོ་བའི་ཁྲོད་སྤུས་ལེགས་དབྱར་རྩྭ50བརྐོས་པ་དེ། རང་ཉིད་ཀྱིས་སྒེར་ཉར་བྱས་ནས་བདག་བཟུང་བྱེད་འདོད་སྐྱེས། ཡིན་ན་ཡང་ཁོའི་སེམས་སུ་རང་ཉིད་ཀྱིས་སྒེར་ཉར་བྱས་ན་སྦྱིན་བདག་གིས་ཤེས་པར་དོགས་ནས་སེམས་ཁུར་གྱིས་མནར་བས། དོན་དག་དེ་གྲོགས་པོ་བཟང་བོ་སྒྲོལ་མར་ཁ་རོག་གེར་བཤད་པར་མ་ཟད་མོ་ལ་ཚབ་ཉར་བྱ་དགོས་པའི་རེ་བ་བཏོན་པར་མོས་ཀྱང་ཁས་ལེན་བྱས།བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 ཀྱི་དོན་ཚན264པའི་གཏན་འཁེལ་ལྟར་ན། “གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་ནམ་ཐེངས་མང་རྐུ་ཁྱེར་དང་ཁྱིམ་ཚང་དུ་འཛུལ་ནས་རྐུ་ཁྱེར་བྱས་པ། མཚོན་ཆ་ཁྱེར་ནས་རྐུ་ཁྱེར་དང་རྐུ་འཕྲོག་བཅས་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུའམ་དངུལ་ཆད་གཅིག་པུ་གཅད་རྒྱུ། རྒྱུ་ནོར་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས10མན་བར་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། རྒྱུ་ནོར་གྱི་གྲངས་འབོར་ཧ་ཅང་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཤིན་ཏུ་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་དང་།དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུའི་ཉེས་ཆད་བཅས་མཉམ་དུ་གཅད་རྒྱུ”ཞེས་བཀོད་ཡོད།

ཡང་རང་རྒྱལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 ཀྱི་དོན་ཚན312པའི་གཏན་འཁེལ་ལྟར་ན། “ནག་ཉེས་བསགས་པ་ལས་ཐོབ་པའི་ཁེ་སྤོགས་ཡིན་པ་ཤེས་བཞིན་དུ་སྦས་སྐུང་དང་། སྤོ་སྒྱུར། ཉོ་སྒྲུབ། ཚབ་འཚོང་བཅས་བྱས་པའམ་བྱེད་ཐབས་གཞན་ལ་བརྟེན་ནས་གཡོ་འགེབས་དང་སྦ་གསང་བྱས་རིགས་ལ། དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུའམ་དངུལ་ཆད་གཅིག་པུ་གཅད་རྒྱུ། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས7མན་བར་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུ”ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号