ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་ལག་བསྟར་བྱེད་པའི་ས་ཁུལ་དང་དུས་ཚོད་ལ་གཏན་འཁེལ་གང་དག་ཡོད།

ཧྲན་ཏུང་དང་། ཆིན་ཏའོ་དང་། ཧོ་ནན་དང་། སི་ཁྲོན་དང་། ནང་སོག་དང་། ལིའོ་ཉིང་དང་། ཏ་ལེན་དང་། ཧེ་ལུང་ཅང་དང་། ཨན་ཧུའེ་དང་། ཧུའུ་པེ་དང་། ཧུའུ་ནན་དང་། ཀོང་ཞི་དང་། ཁྲུང་ཆིན་དང་། ཧྲན་ཞི་སོགས་ཞིང་ཆེན14(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་བྱེ་བྲག་ཏུ་འགོད་པའི་གྲོང་ཁྱེར)ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ཟིན། 2008ལོའི་ཟླ12པའི་ཚེས1ཉིན་ནས་ལག་བསྟར་བྱས་ཏེ། ཅི་ལིན་དང་། ཞིན་ཅང་། ཉིན་ཞི། བོད་ལྗོངས། པེ་ཅིན། ཐེན་ཅིན། ཧོ་པེ། ཧྲན་ཞི། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཉིན་པོ། ཧྥུ་ཅན། ཞ་མིན། ཧེ་ནན། ཅང་ཞི། ཀོང་ཏུང་། ཧྲིན་ཀྲིན། ཡུན་ནན། ཀུའེ་ཀྲོའུ་སོགས་ཞིང་ཆེན22(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་བྱེ་བྲག་ཏུ་འགོད་པའི་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས2009ལོའི་ཟླ2པའི་ཚེས1ཉིན་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་བྱ་བ་སྒྲུབ་མགོ་བརྩམས།

སྲིད་ཇུས་དྲང་སྙོམས་རྒྱུན་སྲུང་བྱེད་ཆེད། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་བྱ་བ་འདི་གནས་སྐབས་སུ་ས་གནས་སོ་སོས་གཅིག་གྱུར་དུ་ལོ་བཞིར་ལག་བསྟར་བྱེད་རྒྱུ་གཏན་དུ་ཕབ། ཧྲན་ཏུང(ཆིན་ཏའོ་འདུས་ཡོད)དང་། ཧོ་ནན་དང་། སི་ཁྲོན་སོགས་ཞིང་ཆེན་དང་འཆར་གཞི་བྱེ་བྲག་ཏུ་འགོད་པའི་གྲོང་ཁྱེར་གྱིས་ལག་བསྟར་བྱས་ནས2011ལོའི་ཟླ11པའི་ཟླ་གཞུག་ཏུ་ཐོན་ཆོག ནང་སོག་དང་། ལིའོ་ཉིན(ཏ་ལེན་འདུས་ཡོད)དང་། ཧེ་ལུང་ཅང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཀོང་ཞི། ཁྲུང་ཆིན། ཧྲན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་འཆར་གཞི་བྱེ་བྲག་ཏུ་འགོད་པའི་གྲོང་ཁྱེར་གྱིས2008ལོའི་ཟླ12པའི་ཚེས1ཉིན་མགོ་བརྩམས་ནས2012ལོའི་ཟླ11པའི་ཟླ་གཞུག་ཏུ་མཇུག་རྫོགས་རྒྱུ། 

2009ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ཁྱབ་ཁོངས་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། ཕལ་བའི་ས་ཁུལ་དུ་ལག་བསྟར་ལོ4བྱེད་རྒྱུ། དམིགས་བསལ་ཞིང་ཆེན་དང་ས་ཁུལ་དུ་ལག་བསྟར་བྱས་ནས2011ལོའམ2012ལོར་ཐོན་ཆོག  ས་ཁུལ་འདྲ་མིན་གྱི་ཞིང་པ་ཚོས་ལོ་ཉེ་ཆར་ནང་ཁྱིམ་སྤྱོད་གློག་ཆས་ཉོ་འདོད་ན། གོང་གི་དུས་ཚོད་ནང་གཏན་འཁེལ་བྱས་པའི་ཐོན་རྫས་ཉོས་ན། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བའི་ནོར་སྲིད་ཁ་གསབ་ལོངས་སྤྱོད་ཐབ་པའོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号