རྒྱལ་ཡོངས་ཀྱི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས2025ལོའི་ཉེན་བརྡ་དང་པོ་ཁྱབ་བསྒྲགས་བྱས།

ཉེ་སྔོན། རྒྱལ་ཡོངས་ཀྱི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས2025ལོའི་ཉེན་བརྡ་དང་པོ་ཁྱབ་བསྒྲགས་བྱས་ཏེ། “སློབ་སྒྲུབ་དངུལ་བུན་འཇལ་བའི”གཡོ་ཇུས་ལ་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་བ་གཤམ་གསལ།

ཉེ་དུས་ཁྲིམས་འགལ་པས་སློབ་གསོ་སྡེ་ཁག་གམ་རྒྱལ་ཁབ་ཀྱི་སློབ་སྒྲུབ་དངུལ་བུན་འགན་སྒྲུབ་དངུལ་ཁང་གི་ལས་བྱེད་མི་སྣར་བརྫུས་ནས། སློབ་སྒྲུབ་དངུལ་བུན་འཇལ་བའི་ལས་དོན་སྒྲུབ་པར་ཁ་གཡར་ཏེ། ཁ་པར་གྱི་པར་ངོས་མཉམ་སྤྱོད་བྱེད་པ་བརྒྱུད་ནས་ར་སྤྲོད་ཨང་གྲངས་དང་དངུལ་བྱང་གི་གསང་གྲངས་རྐུ་ལེན་བྱེད་པ། ཕྱོགས་གསུམ་པའི་དངུལ་བྱང་སྟེང་དངུལ་བསྐུར་པ་སོགས་ཀྱི་གཡོ་ཐབས་སྤྱད་ནས་དངུལ་བུན་བསྐྱི་མཁན་གྱི་ལག་ནས་སྒོར་མོ་གཡོ་ལེན་བྱས་པ་རེད། ལར་རྒྱ་ཆེའི་སློབ་སྒྲུབ་དངུལ་བུན་བླངས་པའི་སློབ་མས་དོགས་ཟོན་མཐོར་འདེགས་དང་སྔོན་འགོག་གི་འདུ་ཤེས་ཆེ་རུ་བཏང་སྟེ། རང་གི་ཆ་འཕྲིན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱ་དགོས། སློབ་གསོ་སྡེ་ཁག་གམ་རྒྱལ་ཁབ་ཀྱི་སློབ་སྒྲུབ་དངུལ་བུན་འགན་སྒྲུབ་དངུལ་ཁང་གི་ལས་བྱེད་མི་སྣས་ཁ་པར་གྱི་པར་ངོས་མཉམ་སྤྱོད་བྱེད་པ་སོགས་བརྒྱུད་ནས་དངུལ་བུན་གྱི་ལས་གང་ཡང་བསྒྲུབ་མི་སྲིད་ཅིང་། དངུལ་བུན་བསྐྱི་མཁན་གྱི་ལག་ནས་ར་སྤྲོད་ཨང་གྲངས་སམ་གསང་གྲངས་ལེན་མི་སྲིད་པས། ངེས་པར་གཞུང་ཕྱོགས་ཀྱི་ཚད་ལྡན་ཐབས་ལམ་བརྒྱུད་ནས་དངུལ་བུན་གཞལ་དགོས། གལ་སྲིད་འདིའི་རིགས་ཀྱི་མགོ་སྐོར་གནས་ཚུལ་མཐོང་ཚེ། དུས་ལྟར་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་བའམ་སྤྱི་བདེ་པུའུ་ཡི་ཁ་པར་ཨང་གྲངས96110བརྒྱུད་ནས་བློ་འདྲི་བྱ་ཆོག

རྒྱལ་ཡོངས་ཀྱི་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་ནས།

2025ལོའི་ཟླ2པའི་ཚེས19ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号