གྲོང་གསེབ་ཀྱི་རྒྱུན་སྤྱོད་སྲིད་ཇུས་སྐོར་གྱི་དཀའ་གནད་གསལ་འགྲེལ། 

“བྱ་དགས་སྐྱོང་བར་སྐུལ་བའི”མ་དངུལ་ནི་ནོར་སྲིད་ཀྱི་བྱ་དགའི་མ་དངུལ་ཡིན་པས།  ཞིང་སྡེའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཆེད་སྤྱོད་མ་དངུལ་ཡིན།

ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་མར་བཀྲམ་པའི་ཉིན་ནས་ཉིན་ཉི་ཤུའི་ནང་དུ་ཞིང་ཆེན་རིམ་པའི་ནོར་སྲིད་ལས་ཁུངས་ཀྱིས་དུས་ཐོག་ཏུ་མ་དངུལ་སྔོན་རྩིས་མར་དགྲམ་དགོས།  མ་དངུལ་གྱི་བཀོལ་སྤྱོད་ནི་རྫོང་རིམ་པའི་ནོར་སྲིད་ལ་རྩིས་ཁྲ་འབུལ་བའི་ལམ་ལུགས་ལག་བསྟར་བྱེད་པ་ཡིན་པས།  རྫོང་རིམ་པའི་ནོར་སྲིད་དང་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཀྱིས།  མ་དངུལ་ཞིབ་བཤེར་དང་དོ་དམ་ལ་ཤུགས་སྣོན་བྱས་ཐོག་ཆེད་དངུལ་ཆེད་སྤྱོད་དང་།  ཆེད་གྲངས་ཆེད་རྩིས་བྱེད་པ་ལས་གཞན་དུ་བཀོལ་མི་ཆོག  འཐེན་མི་ཆོག  མ་དངུལ་བཀོལ་བའི་གནས་ཚུལ་དང་ཁོར་ཡུག་བདག་སྐྱོང་གནས་ཚུལ་ས་དེ་གར་ཁྱབ་བསྒྲགས་བྱེད་དགོས་པ་དང་།  སྡེ་བའི་བྱ་བ་སྦ་གསང་མེད་པར་མངོན་པར་བསྒྲག་དགོས།  ཁོར་ཡུག་སྲུང་སྐྱོང་པུ་ཡིས་མ་དངུལ་བཀོལ་བའི་གནས་ཚུལ་ལ་ནོར་སྲིད་པུ་ཡིས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ།  གཏན་འབེབས་དང་འགལ་ནས་གཞན་དུ་འཐེན་པ་དང་།  ཡང་ན་བཀོལ་བ།  ཡང་ན་སྲོལ་འགལ་གྱི་བྱ་སྤྱོད་ཡོད་ཚེ།  ལོ་རྗེས་མའི་མ་དངུལ་ནང་ནས་འབྲིད་པར་བྱེད་རྒྱུ་དང་།  ཡང་ན་ལོ་རྗེས་མའི་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་མིན་པར་མ་ཟད།  ད་དུང་འབྲེལ་ཡོད་མིའི་འགན་འཁུར་རྩད་གཅོད་བྱེད་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号