ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་ཐོབ་ཐང་ལོངས་སུ་སྤྱོད་ན་རེ་བ་ཇི་ལྟར་ཞུ་དགོས།

ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་ཐོབ་ཐང་ལོངས་སུ་སྤྱོད་ན།   སྡེ་དམངས་རང་ཉིད་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཞུ་དགོས།   གལ་ཏེ་ལོ་ན་ཆུང་བའམ།   ཡང་ན་འདུ་ཤེས་ཀྱི་དབང་པོ་ལ་སྐྱོན་ཡོད་པས་འདུན་པ་ཞུ་མི་ཐུབ་ཚེ།   སྡེ་དམངས་ཚན་ཆུང་ངམ།   ཡང་ན་སྡེ་དམངས་གཞན་པས་ཚབ་བྱས་ནས་ཞུ་ཆོག   སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་དཔྱད་བསྡུར་བྱས་རྗེས།   གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པ་ན།   སྡེ་བ་ཡོངས་ནས་ཁྱབ་བསྒྲགས་བྱེད་དགོས།   བསམ་འཆར་མེད་ན།   སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་བསམ་འཆར་བཀོད་ནས་འབྲེལ་ཡོད་ཡིག་རིགས་དང་ཆབས་ཅིག་ཏུ་ཞང་ངམ།   མི་རིགས་ཞང་ངམ།   གྲོང་རྡལ་མི་དམངས་སྲིད་གཞུང་ལ་བསྐྱལ་ནས་ཞིབ་བཤེར་གཏན་འབེབས་བྱེད་དགོས།   ཞང་ངམ།   མི་རིགས་ཞང་ངམ།   གྲོང་རྡལ་མི་དམངས་སྲིད་གཞུང་གིས་དཔྱད་བསྡུར་བསམ་འཆར་འབྱོར་བའི་ཉིན་ནས་ཉིན་ཉི་ཤུའི་ནང་དུ་ཞིབ་བཤེར་བྱས་པའི་བསམ་འཆར་འདོན་དགོས་པ་མ་ཟད།   ད་དུང་ཞིབ་བཤེར་བྱས་པའི་བསམ་འཆར་དང་འབྲེལ་ཡོད་ཡིག་རིགས་རྫོང་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ལ་བསྐྱལ་ནས་ཞིབ་བཤེར་མཆན་འགོད་བྱེད་དགོས།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ཀྱིས་ཞིབ་བཤེར་བསམ་འཆར་དང་འབྲེལ་ཡོད་ཡིག་རིགས་འབྱོར་བའི་ཉིན་ནས་ཉིན་ཉི་ཤུའི་ནང་དུ་ཞིབ་བཤེར་གཏན་འབེབས་བྱེད་དགོས།   ཆོག་མཆན་བཀོད་ཟིན་པ་ལ།《ཞིང་སྡེའི་འགན་ལེན་ལྔའི་བསྙེན་བཀུར་དཔང་ཡིག》སྟེར་དགོས།   ཆ་རྐྱེན་དང་མི་མཐུན་པས་ཆོག་མཆན་མ་བཀོད་པ་ལ་ཡིག་ལན་བཏབ་ནས་རྒྱུ་མཚན་བཤད་དགོས།   ཞང་ངམ།   མི་རིགས་ཞང་ངམ།   གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཞུ་འབུལ་བྱེད་མཁན་ཁྱིམ་ཚང་གི་གནས་ཚུལ་དང་དཔལ་འབྱོར་ཆ་རྐྱེན་དག་ལ་བདེན་མིན་བརྟག་དཔྱད་བྱེད་དགོས།   དགོས་པ་ཡོད་དུས།   རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ཀྱིས་བསྐྱར་ཞིབ་བྱེད་ཆོག   ཞུ་འབུལ་བྱེད་མཁན་དང་འབྲེལ་ཡོད་རྩ་འཛུགས་སམ།   ཡང་ན་མི་སྒེར་རང་ཉིད་ཀྱིས་བརྟག་དཔྱད་དང་ལེན་དང་མཐུན་རྐྱེན་སྟེར་དགོས་ལ།   དོན་དམ་ནས་འབྲེལ་ཡོད་གནས་ཚུལ་འདོན་སྤྲོད་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号