ཡིག་ཆ་འདིའི་རིགས་རྫུན་བཟོ་རེད།

རྒྱལ་ཁབ་གཞི་གྲངས་ཅུས་ཀྱིས་ཚེས6ཉིན་གསལ་བསྒྲགས་སྤེལ་ནས། “སྒེར་གྱི་གཞི་གྲངས་རྒྱུ་ནོར་ལ་དབང་ཆ་གཏན་འཁེལ་གྱི་དཔང་འཛིན་ལག་ཁྱེར”གཏན་ནས་སྤྲད་མེད་ཅེས་འཁོད་ཡོད་པ་རེད། 

གསལ་བསྒྲགས་ནང་བསྟན་དོན། ཉེ་དུས་ཁྲིམས་འགལ་བས་རྒྱལ་ཁབ་གཞི་གྲངས་ཅུས་ཀྱི་མིང་ཐོག་ནས་ཆ་འཕྲིན་རྫུན་མ་ཡོངས་བསྒྲགས་བྱས་པའི་སྣང་ཚུལ་མང་ཚོགས་ཀྱིས་གོང་ལ་ཞུས། དཀྲོག་གཏམ་དུ་རྒྱལ་ཁབ་གཞི་གྲངས་ཅུས་ཀྱིས“སྒེར་གྱི་གཞི་གྲངས་རྒྱུ་ནོར་ལ་དབང་ཆ་གཏན་འཁེལ་གྱི་དཔང་འཛིན་ལག་ཁྱེར”སྤྲད་པ་དང་།《ཟླ10པའི་ཚེས15ཉིན་སྒེར་གྱི་གཞི་གྲངས་རྒྱུ་ནོར་གྱི་རིན་ཐང་དངུལ་སྒྱུར་དབང་ཆ་གཏན་འཁེལ་བྱེད་པའི་ལས་དོན་སྒྲུབ་འགོ་ཚུགས་པའི་སྐོར་གྱི་བརྡ་ཐོ》ཞེས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱིས《མི་དམངས་ཀྱི་གཞི་གྲངས་རྒྱུ་ནོར་གྱི་དབང་ཆ་གཏན་འཁེལ་ཞབས་ཞུའི་ལས་སྟེགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་པར་འགྲེམས་བྱས་ཡོད་ཅེས་འཁོད་ཡོད། 

བརྟག་དཔྱད་བྱས་པ་བརྒྱུད། ཡིག་ཆ་འདིའི་རིགས་ནི་རྫུན་བཟོ་བྱས་པ་དང་འབྲེལ་ཡོད་ཆ་འཕྲིན་ཚང་མ་དོན་དངོས་དང་མི་མཐུན་པས། རྒྱལ་ཁབ་གཞི་གྲངས་ཅུས་ཀྱིས་གོང་གསལ་གྱི་སྲིད་ཇུས་ཡིག་ཆ་ཁྱབ་བསྒྲགས་བྱེད་མྱོང་མེད་ལ་འབྲེལ་ཡོད་དཔང་འཛིན་ཡང་སྤྲོད་མྱོང་མེད་པས། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཞིབ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་གཡོ་འོག་ཏུ་མི་ཚུད་པར་གནང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号