དུ་བ་གནམ་ཐོན་ཡོད་ས་ཚང་མར་འཕྲིན་གཏོང་ལྕགས་སྒྲོམ་ཡོད།
ཆ་འཕྲིན་མྱུར་ལམ་གྱིས་འབྲོག་པ་ཚོའི་བདེ་སྐྱིད་ལམ་བུ་ཤར་གཏོང་བྱས་པས། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་འ་སྐྱིད་རྩྭ་ཐང་ལ་སླར་ཡང་གསོན་ཤུགས་གསར་པ་རྒྱས། འཕྲིན་གཏོང་ལྕགས་སྒྲོམ་འཛུགས་པའི་ཉིན་དེར་འབྲོག་པ་མི་ཉུང་བ་ཡོང་སྟེ། ལྕགས་སྒྲོམ་འདི་བཙུགས་པ་དངོས་གནས་ཡག་པོ་འདུག དེས་དོན་དག་གཅོད་པ་དང་མི་འཚོལ་དགོས་ཚེ་ཁ་པར་རྒྱག་ཐེངས་གཅིག་ལ་ཐག་གཅོད་ཐུབ་ཀྱི་ཡོད་པས། སླད་ཕྱིན་གྱི་འཚོ་བར་སེམས་ཁྲལ་བྱེད་དགོས་མི་འདུག་ཅེས་ཤོད་པ་དྲན་གྱི་འདུག དེ་ནི་འབྲོག་པ་ཚོས་ང་ཚོའི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པས་ལས་ཀའི་ངར་ཤུགས་འཕེལ་བ་མ་ཟད། ང་ཚོའི་ལས་ཀར་དོན་སྙིང་ཡོད་པའི་ཚོར་སྣང་ཞིག་སྟེར།
རྔ་པའི་འ་སྐྱིད་རྩྭ་ཐང་དུ་འཕྲིན་གཏོང་ལྕགས་སྒྲོམ་འཛུགས་དགོས་པའི་ལས་འགན་འབྱོར་རྗེས། ང་ཚོའི་ཡན་ལག་ཀུང་སིས་ས་བབ་མཐོ་ཞིང་གསོ་རླུང་དཀོན་པའི་ཁར། གནམ་གཤིས་གྲང་ངར་ཆེ་བ་དང་འགྱུར་ལྡོག་མང་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་སྒྲིག་ཆས་རེ་རེ་བཞིན་རྒྱབ་ལ་ཁུར་ཏེ་རིར་བསྐྱལ་བ་ཡིན། དེ་དུས་སེམས་འགུལ་ཆེ་ཤོས་ཐེབས་པ་ནི། དེར་ལས་ཀ་བྱེད་མཁན་ང་ཚོ་ཙམ་མིན་པར་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་ངར་ཤུགས་གཅིག་ཏུ་བསྒྲིམས་ནས་མཉམ་དུ་དཀའ་ངལ་ཁྱད་གསད་བྱས་པ་དེ་ཡིན།
ཐག་རིང་ལུང་ཁུག་དང་མཐའ་མཚམས་ས་ཁུལ་དུ་འཕྲིན་གཏོང་ལྕགས་སྒྲོམ་འཛུགས་པ་ནི། དཔལ་འབྱོར་འགྲོ་གྲོན་གྱི་རྩིས་ཙམ་མ་ཡིན་པར་ད་དུང་དམངས་འཚོའི་འགྲོ་གྲོན་གྱི་རྩིས་དེ་བས་རྒྱག་དགོས་པ་ཞིག་རེད། ང་ཚོ་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཕུགས་ཀྱི་དམངས་འཚོ་དང་འབྲེལ་བའི་སྤྱི་པའི་ཞབས་ཞུ་དང་། འཕྲལ་སྡོམ་ནུས་པ། སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་སོགས་ལ་གཅིག་སྡུད་བྱས་ཏེ་སྤྱི་ཚོགས་ཀྱི་རིན་ཐང་དང་པོར་མངོན་པའི་སྒོ་ནས་དཔལ་འབྱོར་གྱི་རིན་ཐང་ཡག་པོ་གཏོད་དགོས།
ད་ཆ་འཕྲིན་གཏོང་ལྕགས་སྒྲོམ་གྱི་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེས་འ་སྐྱིད་རྩྭ་ཐང་ཙམ་མ་ཡིན་པར་དུ་བ་གནམ་ཐོན་ཡོད་ས་ཚང་མར་འཕྲིན་གཏོང་ལྕགས་སྒྲོམ་བཙུགས་ནས་དེ་མང་ཚོགས་དང་ཁེ་ལས་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་སུ་གྱུར་ཡོད།
འཕྲིན་གཏོང་ལྕགས་སྒྲོམ་ནི་དེང་རབས་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་མངོན་པའི་རིག་ནུས་ལྕགས་སྒྲོམ་དང་། ས་ཁུལ་གྱི་ཐོན་སྐྱེད་བདེ་འཇགས་ཡོང་བའི་འགན་སྲུང་ལྕགས་སྒྲོམ། སྤྱི་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་གྲངས་འཛིན་ལྕགས་སྒྲོམ་བཅས་ཤིག་ཏུ་གྱུར་ལ་མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་ལྕགས་སྒྲོམ་ཞིག་ཏུའང་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注