《ཀྲུང་གོའི་ས་རྒྱུའི་བཅད་ཁའི་གྲངས་གཞི་ཕྱོགས་བསྒྲིགས》ཡོངས་བསྒྲགས་བྱས་པ།

ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་5ཉིན།《ཀྲུང་གོའི་ས་རྒྱུའི་བཅད་ཁའི་གྲངས་གཞི་ཕྱོགས་བསྒྲིགས》པེ་ཅིང་དུ་ཡོངས་བསྒྲགས་བྱས་པ་རེད། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་རྩའི་དཔྱད་གཞིའི་གྲས་ཤིག་ཡིན་པའི་ངོས་ནས། གྲངས་གཞི་གཅིག་སྡུད་དེ་ཡོངས་བསྒྲགས་བྱས་པ་ལས་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མངའ་ཁོངས་ཆེན་པོའི་རྒྱལ་ཁབ་ཁྲོད་ས་ཁོངས་ཧྲིལ་པོར་དུས་ཚོད་ཀྱི་གོ་རིམ་ཞིབ་ཚད་མཐོ་བའི་གྲངས་འཛིན་ས་རྒྱུ་བསྐྲུན་པའི་རྒྱལ་ཁབ་དང་པོར་གྱུར་པ་རེད།

     《ཀྲུང་གོའི་ས་རྒྱུའི་བཅད་ཁའི་གྲངས་གཞི་ཕྱོགས་བསྒྲིགས》ནི་རང་རྒྱལ་གྱི་ས་རྒྱུའི་ཐོན་ཁུངས་དང་སྤུས་ཚད་ཕྱོགས་ཡོངས་ནས་མཚོན་པའི་རྨང་གཞིའི་ཚན་རིག་གི་ཕྱོགས་བསྒྲིགས་ཤིག་ཡིན་ཞིང་། ཕྱོགས་བསྒྲིགས་ཧྲིལ་པོར་ཁྱོན་བམ་པོ་25དང་། ཡིག་འབྲུ་ཁྲི་2751 རི་མོ་4500ལྷག་ཙམ་བཅས་ཡོད། གྲངས་གཞི་ཕྱོགས་བསྒྲིགས་དེ་རྫོང་གི་ས་རྒྱུའི་རི་མོ་དང་ས་རྒྱུའི་བཅད་ཁའི་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པའི་ངོ་བོ་དང་གཟུགས་དབྱིབས་རེའུ་མིག་གི་རྣམ་པའི་ཐོག་ནས་རང་རྒྱལ་གྱི་ས་གནས་ཁག་གི་ཞིབ་ཅིང་ཕྲ་བའི་ས་རྒྱུའི་ཐོན་ཁུངས་དང་སྤུས་ཚད་ཀྱི་ཚན་རིག་དང་མཐུན་པའི་གྲངས་གཞི་མཁོ་འདོན་བྱས་པ་དང་། རྒྱལ་ཡོངས་ཀྱི་རྫོང་2200ལྷག་ཙམ་གྱི་ས་རྒྱུའི་བཅད་ཁ་ཁྲི་6.3ལྷག་ཙམ་གྱི་རིམ་དབྱེ་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པའི་ངོ་བོ་དང་གཟུགས་དབྱིབས་ཀྱི་གྲངས་གཞི་བསྡུས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གྲངས་གཞི་ཕྱོགས་བསྒྲིགས་དེ་སྒྲིག་འགོད་བྱས་པར་ལོ་25འགོར་བ་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་ཞིང་ལས་ཁུལ་དབྱེ་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ས་རྒྱུ་དང་ཚད་འཇལ་ཐིག་ལེན་སོགས་ཆེད་ལས་ཚན་ཞིབ་ཚན་པ་20ལྷག་ཙམ་དེའི་ནང་ཞུགས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号