གྲོང་ཁྱེར་གྱི་ཁྱིམ་ཐོ་ཡིན་ན་ཞིང་སྡེའི་ཁང་ས་ཉོས་ཆོག་གམ།

གྱོད་དཔེ།

འབུམ་ཡག་བཟའ་མི་ཚང་མས་སྔོན་ཆད་ཞིང་སྡེ་རུ་འཚོ་བ་རོལ་མྱོང་ཞིང་། རྗེས་སུ་གྲོང་ཁྱེར་དུ་ཁང་པ་ཉོས་རྗེས་ཁྱིམ་ཐོའང་རིམ་བཞིན་གྲོང་ཁྱེར་དུ་སྤར་བ་རེད། ཡིན་ན་ཡང་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པའི་དཔེ་ལྟར་འབུམ་ཡག་གི་ཨ་ཕར་རེ་བ་ཉག་གཅིག་ཡོད་པ་ནི། ཕྱིར་ཕ་ཡུལ་དུ་ལོག་སྟེ་ར་སྐོར་ཆུང་ཆུང་ཞིག་ཏུ་ཁང་པ་གྱན་འགའ་ཕུབ་ནས་ལྷོད་བག་ལྡན་པའི་ངང་ཞིང་གྲོང་གི་འཚོ་བ་རོལ་རྒྱུ་དེ་རེད། དེར་བརྟེན། འབུམ་ཡག་གིས་ཁྲོམ་རའི་ཉོ་འཚོང་བརྒྱུད་དེ་ཞིང་སྡེའི་ཁང་ས་ཉོས་ནས་ཨ་ཕའི་རེ་བ་མངོན་འགྱུར་བྱེད་དུ་འཇོག་བསམ།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདིའི་ཁྲོད་དུ། འབུམ་ཡག་གིས་ཁྲོམ་ར་བརྒྱུད་དེ་ཁང་ས་ཉོ་སྒྲུབ་བྱེད་པའི་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་མི་མཐུན་ལ། ཁོས་མིང་རྟགས་བཀོད་པའི་ཉོ་སྒྲུབ་གན་རྒྱ་ཡང་ནུས་མེད་གན་རྒྱར་ངོས་འཛིན་དགོས་ཏེ། ཁང་སའི་སྤྱོད་དབང་གི་བདག་དབང་ཐད་ནས་འགྱུར་ལྡོག་འབྱུང་ཐབས་ཡེ་ནས་མེད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》དང《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཁང་སའི་སྤྱོད་དབང་ནི་དམིགས་བསལ་གྱི་ཐོབ་ཐང་ཡོད་པར་ད་གཟོད་ཐོབ་ཆོག་པ་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ་ཐོབ་པའི་ཁེ་དབང་ལ་གཏོགས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་མིན་པའི་མིས་ཁང་སའི་སྙན་ཞུ་ཕུལ་བར་འབྲེལ་ཡོད་ལས་ཁུངས་ཀྱིས་དང་ལེན་མི་བྱ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号