འབྲུ་འདེབས་ཞིང་པའི་ཐད་ཀར་ཁ་གསབ་བཞི་དེ་ཇི་ལྟར་སྟེར་བ་ཡིན།

འབྲུ་འདེབས་ཞིང་པའི་ཁ་གསབ་བཞིའི་བྱེ་བྲག་གི་སྟེར་ཚུལ་ནི་ས་གནས་སོ་སོའི་གཏན་འབེབས་མི་འདྲ་མོད།  འོན་ཀྱང་ཁ་གསབ་བྱིན་ན་གཤམ་གྱི་རྩ་དོན་སྲུང་དགོས་ཏེ།  སྲིད་ཇུས་དྲིལ་བསྒྲགས་ཁྱིམ་ཚང་དུ་སླེབས་དགོས།  དེབ་སྒྲིག་བཟོ་པ་ཁྱིམ་ཚང་དུ་སླེབས་དགོས།  བསྒྲགས་ཡིག་སྦྱར་བ་ཁྱིམ་ཚང་དུ་སླེབས་དགོས།  བརྡ་སྦྱོར་ཁྱིམ་ཚང་དུ་སླེབས་དགོས།  སྒོར་མོ་སྟེར་བ་ཁྱིམ་ཚང་དུ་སླེབས་དགོས།  ཞིང་ལས་དཔྱ་ཁྲལ་ཆད་ཡོད་པ་དང་།  ཡང་ན་ཁྲལ་གྲོན་གཞན་པའི་ཚབ་བྱེད་མི་ཆོག  ཁ་གསབ་སྟེར་བའི་དུས་ཚོད་ཀྱང་འགྱང་མི་ཆོག  བཀག་ཉར་བྱེད་པ་དང་ཡང་ན་གཞན་དུ་བཀོལ་བ་བཅས་ཀྱང་བྱེད་མི་ཆོག  བརྡ་སྦྱོར་གྱི་ནང་དོན་རང་དགར་སྒྱུར་མི་ཆོག  སྡེ་བ་དང་ཚོ་ཆུང་ཐུན་མོང་གི་ཚབ་བྱས་ནས་ལེན་མི་ཆོག  ཁ་གང་རུང་དུ་གཡར་ནས་ཞིང་པའི་ཁུར་པོ་ཇེ་ལྗིད་དུ་གཏོང་མི་ཆོག  གལ་ཏེ་ཐད་ཀར་ཁ་གསབ་དེ་ལས་ཁུངས་སམ་སྡེ་ཁག་གིས་གོང་གསལ་རྩ་དོན་དང་འགལ་བ་དེ་ཞིང་པས་མཐོང་ཚེ་གོང་རིམ་ལས་ཁུངས་ལ་ཞུས་ནས་གཏུག་ཆོག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号